R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 153
[A:153] བསོད་ནམས། གན་པ་རིན་ཆེན་རྒྱལ་མཚན། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བླ་ཆེན་ཀུན་དགའ་རྒྱལ་མཚན། ཐེག་ཆེན་ཆོས་ཀྱི་རྒྱལ་པོ་ཀུན་དགའ་བཀྲ་ཤིས། འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་རྒྱ་གར་བ་ཤེས་རབ་རྒྱལ་མཚན། ས་ལོ་འཇམ་པའི་རྡོ་རྗེ། སྔགས་འཆང་ཆོས་ཀྱི་རྒྱལ་པོ་ཀུན་དགའ་རིན་ཆེན། གྲུབ་མཆོག་བསོད་ནམས་དབང་པོ། སྔགས་འཆང་གྲགས་པ་བློ་གྲོས། ངག་དབང་ཀུན་དགའ་བསོད་ནམས། འཇམ་དབྱངས་བསོད་ནམས་དབང་ཕྱུག་ངག་དབང་ཀུན་དགའ་བཀྲ་ཤིས། འཇམ་དབྱངས་བསོད་ནམས་རིན་ཆེན། འཇམ་མགོན་ཀུན་དགའ་བློ་གྲོས། ཡབ་རྗེ་དབང་སྡུད་སྙིང་པོ། ངག་དབང་ཀུན་དགའ་རིན་ཆེན། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་འཇམ་མགོན་བློ་གྲོས་མཐའ་ཡས་དང་། རྡོ་རྗེ་འཛིན་པ་ཀུན་དགའ་འཇམ་དབྱངས་གཉིས། གཉིས་ཀས་བདག་བློ་གཏེར་ལའོ། །ཡང་ན། དབང་སྡུད་སྙིང་པོ་ནས། པདྨ་བདུད་འདུལ་དབང་ཕྱུག་ངག་དབང་བཀྲ་ཤིས་རིན་ཆེན། རྗེ་བཙུན་མ་སྐལ་བཟང་བཀྲ་ཤིས་ཆོས་སྒྲོན། ཆོས་རྗེ་ཀུན་དགའ་འཇམ་དབྱངས། དེས་སོ། །ཡང་ན། ངག་དབང་ཀུན་དགའ་རིན་ཆེན་ནས། ཁྲི་ཆེན་བཀྲ་ཤིས་རིན་ཆེན། མཐུ་ཆེན་རྡོ་རྗེ་གཞོན་ནུ་རིན་ཆེན་བཟང་པོ། དེས་བདག་ལའོ༎ ་༎ དྲུག་པ་རྡོ་རྗེ་འཆང་ངམ་རྡོ་རྗེ་སེམས་དཔའི་རིགས་ལ་ཇི་བཞིན་བརྙེས་པ་ནམ་མཁའ་དང་མཉམ་པའི་རྒྱུད་ལ་ཟུར་བཀའི་རྒྱུན་མི་བཞུགས་སོ༎ ་༈་་༎ གསུམ་པ་ཐབས་ཤེས་ཆ་མཉམ་དུ་སྟོན་པ་གཉིས་སུ་མེད་པའི་རྒྱུད་ལ་རྒྱ་ཆེ་བ་དང་། ཟབ་པའི་གཉིས་སུ་མེད་པ་གཉིས་ལས། དང་པོ་ནི། རྒྱ་ཆེ་བའི་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་ལ་