[A:15]
དེ་ནས་བདེ་ལུང་བ་ཀུན་བཟང་དཔལ་འབྱོར། གུང་པ་དར་མ་ཡེ་ཤེས། སྣར་ཐང་པ་བག་སྟོན་གཞོན་ནུ་ཚུལ་ཁྲིམས། སྣར་ཐང་པ་བླ་མ་ཚུལ་ཁྲིམས་རྒྱལ་བ། བླ་མ་ངག་དབང་མཚན་ཅན། གཉགས་སྟོན་བྱང་ཆུབ་སེང་གེ་ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག། ཡོངས་འཛིན་དཀོན་མཆོག་འཕེལ་བ། ལྷ་མཆོག་སེང་གེ། སངས་རྒྱས་སེང་གེ། ཐར་པཎ་ནམ་མཁའ་དཔལ་བཟང་། སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ། ཤར་ཆེན་ཤེས་རབ་འབྱུང་གནས། མཁན་ཆེན་ལྷུན་གྲུབ་དཔལ་ལྡན། མཁན་ཆེན་སངས་རྒྱས་ཕུན་ཚོགས། རྗེ་བསྟན་འཛིན་ལྷུན་གྲུབ། ཐར་རྗེ་ནམ་མཁར་བསམ་འགྲུབ། ས་ཆེན་ཀུན་དགའ་བློ་གྲོས། བྱམས་པ་ནམ་མཁའ་འཆི་མེད། བྱམས་པ་ཀུན་དགའ་བསྟན་འཛིན། རྗེ་བླ་མ་མཁྱེན་བརྩེའི་དབང་པོ། ཀུན་དགའ་འཇམ་དཔལ་གྲགས་པ། དེ་གཉིས་ཀས་བདག་འཇམ་དབྱངས་བློ་གཏེར་དབང་པོར་རམ། ཡང་ན། བྱམས་པ་ཀུན་དགའ་བསྟན་འཛིན་ནས། མཁས་གྲུབ་ཀུན་དགའ་དཔལ་ལྡན། ངོར་མཁྱེན་རབ་ང་དྲུག་པ་རྡོ་རྗེ་འཆང་དཔལ་ལྡན་བློ་གྲོས་རྒྱལ་མཚན། ཐུབ་བསྟན་ལེགས་བཤད་བཟང་པོ། དེས་སོ༎ ་
༎གཉིས་པ་ད་ལན་འདིར་བར་དུ་དགེ་བའམ་སོ་སོའི་རྒྱུད་ལ། དེ་བཞིན་གཤེགས་པའི་རིགས་ཀྱི་རྒྱུད། པདྨའི་རིགས་ཀྱི་རྒྱུད། རྡོ་རྗེའི་རིགས་ཀྱེ་རྒྱུད། ལྔས་རྩེན་གྱི་རིགས་ཀྱི་རྒྱུད། ནོར་བུའི་རིགས་ཀྱི་རྒྱུད། འཇིག་རྟེན་པའི་རིགས་ཀྱི་རྒྱུད་དང་དྲུག་དང་པོ་ལའང་། རིགས་ཀྱི་གཙོ་བོ། བདག་པོ། ཡུམ། གཙུག་ཏོར། ཁྲོ་བོ་ཁྲོ་མོ། ཕོ་ཉ་སོགས་དྲུག་ལས། དང་པོ་ལ། དེ་བཞིན་གཤེགས་པའི་རིགས་ཀྱི་གཙོ་བོ་ཐུལ་བ་དམ་ཚིག་སུམ་བཀོད་ལྷ་ལྔའི་