[A:14]
མར་རིག་སྔགས་འཆང་གི་སྡེ་སྣོད་ཐམས་ཅད་ཀྱི་རྩ་བར་གྱུར་པ་བྱ་བའི་རྒྱུད་ཀྱི་མཚན་ཉིད་ནི། བལྟས་པས་བདེ་བ་ལམ་དུ་བྱས་ནས་ཡིད་མཚན་མ་རྟོག་ལས་བདེ་མྱུར་གྱིས་སྐྱོབ་པར་བྱེད་པའི་ཐབས་འཁོར་དང་བཅས་པའོ། ངེས་ཚིག་གམ་སྒྲ་དོན་ནི། ཀྲྀ་ཡ་ཏཊཏར་ཞེས་པའི་སྒྲ་ལས་དྲངས་ན། ཕྱི་ལུས་ངག་གི་བྱ་བ་ཁྲུས་དང་གཙང་སྦྲ་གཙོ་བོར་སྟོན་པས་ན་དེ་སྐད་ཅེས་བྱའོ། དབྱེ་ན་བྱ་བ་སྤྱི་དང་སོ་སོའི་རྒྱུད་གཉིས་ལས། དང་པོ་ལའང་སྤྱོད་པ་བཞི་པོའི་དོན་འདུས་ཤིང་མ་ཚང་བ་མེད་པར་སྟོན་པ་དཔུང་པ་བཟང་པོའི་རྒྱུད། འཇུག་པའི་སྤྱོད་པ་སྨིན་བྱེད་གཙོ་བོར་སྟོན་པ་གསང་བ་སྤྱིའི་རྒྱུད། སྦྱོར་བའི་སྤྱོད་པ་ལྷའི་རྣལ་འབྱོར་གཙོ་བོར་སྟོན་པ་ལེགས་པར་གྲུབ་པའི་རྒྱུད། སྒྲུབ་པའི་སྤྱོད་པ་མཚན་མེད་ཀྱི་རྣལ་འབྱོར་གཙོ་བོར་སྟོན་པ་བསམ་གཏན་ཕྱི་མའི་རྒྱུད་དེ་བཞི་ཡོད་པ་ལས།
་
ད་ལན་འདིར་ཐོག་མར་དགེ་བའི་དབང་དུ་བཏང་ནས་དཀྱིལ་འཁོར་ཆེན་པོ་བཀོད་པའི་རྒྱུད་དམ། གསང་བ་སྤྱི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་གྲུབ་པའི་དབང་ཕྱུག་ཆེན་པོ་ཁ་ཆེ་ཡེ་ཤེས་རྡོ་རྗེས་ཆོ་གའི་ཡན་ལག་འགའ་ཞིག་སྤྱོད་རྒྱུད་དང་མཐུན་པར་བཀྲལ་བའི་བཅོམ་ལྡན་འདས་རིགས་གསུམ་སྤྱིའི་དཀྱིལ་འཁོར་དུ་དབང་བསྐུར་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཡིག་སྟེང་ནས་ཐོབ་པའི་བརྒྱུད་པ་ནི།
རྒྱལ་བ་རྡོ་རྗེ་འཆང་ཆེན་པོ། གསང་བདག་ཕྱག་ན་རྡོ་རྗེ། རྒྱལ་པོ་ཨིནྡྲ་བྷུ་ཏི། མ་དྷྱི་མ། མྲྀ་ཏྱུ། སློབ་དཔོན་འཕགས་པ་ཀླུ་སྒྲུབ། སློབ་དཔོན་ཀླུའི་བྱང་ཆུབ་ཁ་ཆེ་ཡེ་ཤེས་རྡོ་རྗེ། ལོ་ཆུང་གྲགས་འབྱོར་ཤེས་རབ། ས་ཆེན་ཀུན་དགའ་སྙིང་པོ། སློབ་དཔོན་རིན་པོ་ཆ་ཨེ་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། དེ་གཉིས་ཀ་ལས་དོལ་པ་དཀར་སྟོན་ཤཱཀྱ་གྲགས།