[A:161]
དབྱངས་མཁྱེན་བརྩེའི་དབང་པོ། ཞབས་དྲུང་འཇམ་དབྱངས་ནམ་མཁའ་རྒྱལ་མཚན། དེ་གསུམ་གས་བདག་བློ་གཏེར་ལའོ། །ཡང་ན། ཀུན་དགའ་བསྟན་འཛིན་ནས། ཁང་གསར་མཁན་ཆེན་འཇམ་དབྱངས་ཤེས་རབ་རྒྱ་མཚོ། དེས་སོ༎ ་༎ལམ་དུས་ཀྱི་དབང་གི་ཆུ་བོ་མ་ནུབ་པ་དཀོན་མཆོག་ལྷུན་གྲུབ་དང་། ཤར་ཆེན་བྱམས་པ་ཀུན་དགའ་བཀྲ་ཤིས་ཀྱི་ཡིག་སྟེང་ནས་ཐོབ་པའི་བརྒྱུད་པ་ནི་གོང་སོང་མ་ཐག་པའི་རྒྱུ་དབང་ཇི་ལྟ་བ་བཞིན་ནོ༎ ་༎བཀའ་བབས་གཉིས་པ་ཨོ་རྒྱན་གྱི་སློབ་དཔོན་པདྨ་བཛྲས་བཀྲལ་བའི་དཔལ་ཀྱེ་རྡོ་རྗེ་མཚོ་སྐྱེས་ལུགས་སམ་ནས་གླིང་མར་གྲགས་པ་ལྷ་དགུའི་དཀྱིལ་འཁོར་དུ་མཁན་ཆེན་བྱམས་པ་ཚུལ་ཁྲིམས་དཔལ་བཟང་གི་སྒྲུབ་དཀྱིལ་དབང་ཆོག་ནག་འགྲོས་མའི་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། ཁྱབ་བདག་རྡོ་རྗེ་འཆང་། བི་ལཱ་སྱ་བཛྲ། ཡན་ལག་མེད་པའི་རྡོ་རྗེ། སློབ་དཔོན་མཚོ་སྐྱེས་རྡོ་རྗེ། རྒྱལ་པོ་ཨིནྡྲ་བྷཱུ་ཏི། ལྕམ་ལཀྵྨི་ཀ་ར། སློབ་དཔོན་ནག་པོ་སྤྱོད་པ། བྲམ་ཟེ་དཔལ་འཛིན། པཎ་ཆེན་ག་ཡ་དྷ་ར། འབྲོག་མི་ཤཱཀྱ་ཡེ་ཤེས། སེ་སྟོན་ཀུན་རིག་ཞང་སྟོན་ཆོས་འབར། བླ་མ་ས་སྐྱ་པ་ཆེན་པོ། སྟག་སོ་བ་རིན་ཆེན་དོན་གྲུབ། དེ་དབོན་ཆོས་ཀྱི་ཤེས་རབ། ལ་ཁ་བ་རྒྱལ་མཚན་གྲགས་པ། དཔལ་ཆུ་བོ་རི་པ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ་བསོད་ནམས་དཔལ། རི་ཁྲོད་པ་བློ་གྲོས་བརྟན་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ངོར་ཆེན་ཀུན་དགའ་བཟང་པོ། མུས་ཆེན་དཀོན་མཆོག་རྒྱལ་མཚན། ཀུན་མཁྱེན་བསོད་ནམས་སེང་གེ་རྗེ་བཙུན་སངས་རྒྱས་རིན་ཆེན། རྒྱལ་བ་ལྷ་མཆོག་སེང་གེ་འཇམ་དབྱངས་སངས་རྒྱས་སེང་གེ་པཎ་ཆེན་ནམ་མཁའ་དཔལ་བཟང་།