R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 160
[A:160] དབང་ཕྱུག་མཁས་གྲུབ་དཔལ་ལྡན་རྡོ་རྗེ། ཀུན་མཁྱེན་རབ་འབྱམས་པ་བསོད་ནམས་སེང་གེ་གསུམ། གསུམ་གས་ཡོངས་འཛིན་དཀོན་མཆོག་འཕེལ་བ། དེ་ནས་རྗེ་བཙུན་སངས་རྒྱས་རིན་ཆེན། རྒྱལ་བ་ལྷ་མཆོག་སེང་གེ་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། ཐར་པཎ་ནམ་མཁའ་དཔལ་བཟང་ངམ། ཡང་ན། ལྷ་མཆོག་སེང་གེ་ནས། འཇམ་དབྱངས་སངས་རྒྱས་སེང་གེ་ཐར་པཎ་ནམ་མཁའ་དཔལ་བཟང་། བྱམས་པ་ཀུན་དགའ་བཀྲ་ཤིས། ཤར་ཆེན་ཤེས་རབ་འབྱུང་གནས། མཁན་ཆེན་ལྷུན་འགྲུབ་དཔལ་ལྡན། མཁས་གྲུབ་སངས་རྒྱས་ཕུན་ཚོགས། བྱམས་པ་བསོད་ནམས་བཟང་པོ། སངས་རྒྱས་དཔལ་བཟང་། སངས་རྒྱས་གྲགས་པ། ངག་དབང་དམ་ཆོས། དཔལ་ལྡན་ཆོས་ཀྱི་རྒྱལ་མཚན། དེས་འཇམ་དབྱངས་ནམ་མཁའ་རྒྱལ་མཚན་དང་། རྗེ་འཇམ་དཔལ་བསྟན་འཛིན་གཉིས། གཉིས་ཀས་བདག་ལའམ། ཡང་ན། སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན་ནས། བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན། རྡོ་རིང་ཀུན་སྤངས་པ་ཀུན་བཟང་ཆོས་ཀྱི་ཉི་མའམ་ཀུན་དགའ་རྒྱལ་མཚན་ནམ་ཡང་ན་བློ་ལྡན་ཤེས་རབ། ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་།མཁན་ཆེན་བསླབ་གསུམ་རྒྱལ་མཚན། ཁྱབ་བདག་དབང་ཕྱུག་རབ་བརྟན། མགོན་པོ་བསོད་ནམས་མཆོག་ལྡན། རིན་ཆེན་བསོད་ནམས་མཆོག་གྲུབ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས། ས་སྐྱ་པ་ཆེན་པོ་ངག་དབང་ཀུན་དགའ་བློ་གྲོས། ཐར་རྩེ་བྱམས་པ་ནམ་མཁའ་འཆི་མེད། བྱམས་པ་ཀུན་དགའ་བསྟན་འཛིན། དེས་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན། འཇམ་