R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 163
[A:163] ཆེན་ངག་དབང་ཆོས་གྲགས། བྱམས་པ་ངག་དབང་རྣམ་རྒྱལ། བདག་ཆེན་བསོད་ནམས་དབང་ཕྱུག་མཁན་ཆེན་བསོད་ནམས་ཆོས་འཕེལ། གྲུབ་དབང་སངས་རྒྱས་བརྟན་པ། རྗེ་ནམ་མཁའ་བསམ་འགྲུབ། ས་ཆེན་ཀུན་དགའ་བློ་གྲོས། རྗེ་མཉྫུ་ཤྲཱིཿརྗེ་ཀུན་དགའ་དཔལ་བཟང་། རྗེ་ཀུན་དགའ་འཇམ་དཔལ། ཡོངས་འཛིན་བློ་གྲོས་རྒྱ་མཚོ། འཇམ་མགོན་རྡོ་རྗེ་རིན་ཆེན་མན་ཆད་དམ། ཡང་ན། བསོད་ནམས་དབང་ཕྱུག་ནས་ལྷུན་གྲུབ་དཔལ་ལྡན་མན་གོང་བཀའ་བབས་གཉིས་པ་དང་འདྲའོ༎ ་༎བཀའ་བབས་བཞི་པ་རྣལ་འབྱོར་གྱི་དབང་ཕྱུག་བིཪྺ་པ་དང་། ཡེ་ཤེས་ཀྱི་མཁའ་འགྲོ་མས་དངོས་སུ་བྱིན་གྱིས་བརླབས་པའི་གྲུབ་པའི་སློབ་དཔོན་ཆེན་པོ་ཌོམྦི་ཧེ་རུ་ཀས་བཀྲལ་བའི་དཔལ་ཀྱེ་རྡོ་རྗེ་འགྲེལ་པ་ལུགས་སམ། ཌོམྦི་ལུགས་སུ་གྲགས་པ་ལྷ་དགུའི་དཀྱིལ་འཁོར་དུ་མཁན་ཆེན་བྱམས་པ་ཚུལ་ཁྲིམས་དཔལ་བཟང་གི་སྒྲུབ་དཀྱིལ་དབང་ཆོག་ནག་འགྲོས་མའི་ཡིག་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། བདག་མེད་མ། བིཪྺ་པ། སློབ་དཔོན་ཌོམྦི་ཧེ་རུ་ཀ་ཨ་ལ་ལ་བཛྲ། ནགས་ཁྲོད་པ། གརྦྷ་རི་པ། ཛ་ཡ་ཤྲཱི་ཛྙཱ་ན། སློབ་དཔོན་མི་ཐུབ་ཟླ་བ། དགེ་སློང་དཔའ་བོ་རྡོ་རྗེ། འབྲོག་མི་ལོ་ཙཱ་བ། མངའ་རིས་པ་གསལ་བའི་སྙིང་པོ། འཁོན་སྒྱི་ཆུ་བ་དགྲ་ལྷ་འབར། ས་ཆེན་ཀུན་དགའ་སྙིང་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ས་པཎ་ཀུན་དགའ་རྒྱལ་མཚན། རོང་པ་རྒྭ་ལོ་རྣམ་རྒྱལ་རྡོ་རྗེ། དེའི་སྲས་རོང་པ་ཤེས་རབ་སེང་གེ་ཞང་གྲགས་འབྱོར་ཞབས། བླ་མ་བསོད་ནམས་ལྷུན་གྲུབ། བླ་མ་ངག་དབང་གྲགས་པ། བླ་ཆེན་ཀུན་དགའ་རྒྱལ་མཚན། ངོར་ཆེན་ཀུན་དགའ་བཟང་པོ། མཁས་གྲུབ་དཔལ་ལྡན་རྡོ་རྗེ། རྭ་སྟོན་ཡོན་ཏན་དཔལ་བཟང་།