R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 164
[A:164] གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ། ས་ལོ་ཀུན་དགའ་བསོད་ནམས། གཉན་ཆེན་གྲགས་པ་བློ་གྲོས། ཤར་ཁང་པ་ཤེས་རབ་རྒྱལ་མཚན། མུས་ཆེན་ནམ་མཁའ་དཔལ་བཟང་། མཁས་གྲུབ་དཔལ་ལྡན་དོན་གྲུབ། ཤར་ཆེན་ཤེས་རབ་འབྱུང་གནས། མཁན་ཆེན་ལྷུན་གྲུབ་དཔལ་ལྡན་མན་གོང་མཚོ་སྐྱེས་ལུགས་བཞིན་ནོ༎ ་༎རྩ་རྒྱུད་བརྟགས་པ་གཉིས་པ་ལས་བསྟན་ཅིང་། འཇིགས་བྲལ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔལ་ལྡན་བིཪྺ་པས་རྗེ་བཙུན་རྡོ་རྗེ་བདག་མེད་མ་ལས་དངོས་སུ་གསན་པའི་ཡུམ་བཀའ་བདག་མེད་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་དུ་དཀོན་མཆོག་ལྷུན་གྲུབ་ཀྱི་ཐོ་ཡིག་དང་། འཇམ་མགོན་ཨ་མེས་ཞབས་ཀུན་དགའ་བསོད་ནམས་ཀྱི་སྒྲུབ་དཀྱིལ་དབང་ཆོག་བཅས་ཀྱི་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྗེ་བཙུན་རྡོ་རྗེ་བདག་མེད་མ། གྲུབ་ཆེན་བིཪྺ་པ། ནག་པོ་པ། ཌཱ་མ་རུ་པ། ཨ་ཝ་དྷཱུ་ཏི་པ། ག་ཡ་དྷ་ར། འབྲོག་མི། སེ་མཁར་ཆུ་བ། ཞང་དགོན་པ་བ། ས་ཆེན། ནེ་ཙོ་སྦལ་སྟོན། སློབ་དཔོན་གནམ་བྱེ་མ་ལུང་པ། བླ་མ་ཤེས་རབ་གྲགས་པ། གནམ་ཤེས་རབ་འཕགས་པ། གནམ་མངོན་པར་བྱང་ཆུབ་བརྩོན་འགྲུས། འགྲོ་མགོན་ཆོས་རྒྱལ་འཕགས་པ། པཎྜི་ཏ་ཤེས་རབ་རྡོ་རྗེ། དེ་གཉིས་ཀས་ཞང་དཀོན་མཆོག་དཔལ། ཆོས་རྗེ་བྲག་ཕུག་པ། དེས་བླ་མ་དམ་པ་དང་། རི་ཁྲོད་པ་གཉིས། གཉིས་ཀས་དཔལ་ལྡན་ཚུལ་ཁྲིམས། དེས་ཤར་ཆེན་ཡེ་རྒྱལ་དང་། གྲུབ་ཆེན་བུདྡྷ་ཤྲཱི་གཉིས། གཉིས་ཀས་ངོར་ཆེན། དེ་ནས་མུས་ཆེན། བདག་ཆེན། རྡོ་རིང་པ། ཚར་ཆེན། ཀླུ་སྒྲུབ་རྒྱ་མཚོ། ངག་དབང་ཆོས་གྲགས། ཨ་མེས་ཞབས། འཇམ་དབྱངས་བསོད་ནམས་དབང་ཕྱུག་སྔགས་