[A:172]
སྟོབས་བཅུ་པ། རྡོ་རྗེ་དཔལ། དགེ་མཚན་དཔལ། མི་དབང་དཔལ་བཟང་། རབ་ཞི་བཤེས་གཉེན། ར་ཏི་གུཔྟ། ཤཱནྟི་གུཔྟ། བི་པུ་ལ་གརྦྷ། གང་བའི་རྡོ་རྗེ། ཏཱ་ར་ནཱ་ཐ། རིན་ཆེན་རྒྱ་མཚོ། ཡེ་ཤེས་རྒྱ་མཚོ། སྙིང་པོ་མཐའ་ཡས། ཀུན་བཟང་དབང་པོ། ཚེ་དབང་ནོར་བུ། སི་ཏུ་ཆོས་ཀྱི་འབྱུང་གནས། ཀརྨ་ཚེ་དབང་ཀུན་ཁྱབ། ངེས་དོན་བསྟན་འཛིན་རབ་རྒྱས་སམ་ཀརྨ་རིན་ཆེན། ཀརྨ་འོད་གསལ་འགྱུར་མེད། རྡོ་རྗེ་འཆང་ངག་དབང་ཡོན་ཏན་རྒྱ་མཚོ། དེས་བདག་བློ་གཏེར་ལའོ༎ ་༎
གངས་ཅན་བསྟན་པའི་མངའ་བདག་རྗེ་བཙུན་ས་སྐྱ་པ་ཆེན་པོ་ལ་ཆོས་སྲུང་དམ་ཅན་རྒྱ་མཚོའི་གདམས་ངག་མང་དུ་བཞུགས་པ་ལས་གཙོ་བོར་གྱུར་པ་རྡོ་རྗེ་གུར་གྱི་རྒྱུད་ལས་བསྟན་པའི་དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་གྲི་གུག་ལྷ་ལྔ་སྙན་བརྒྱུད་ལུགས་དང་རྒྱ་གཞུང་ལུགས་གཉིས། ལྷ་བརྒྱད་མ། ལྷ་བཅུ་གཉིས་མ། ལྷ་བཅུ་བདུན་མ་སྟེ་བཀའ་བབས་བཞིའི་དབང་བཀའ་ཟབ་མོ་རྣམ་པར་དག་པ་ལྔ་སྐྱོ་མདའ་བ་འཕགས་པ་ཆོས་ཀྱི་རྒྱལ་མཚན་གྱི་ཡིག་སྟེང་ནས་ཐོབ་པ་ལ། ཐོག་མར་ག་ཡ་དྷ་ར་ནས་བརྒྱུད་པའི་གྲི་གུག་ལྷ་ལྔ་སྙན་བརྒྱུད་ལུགས་ཀྱི་སིནྡྷུ་རའི་དཀྱིལ་འཁོར་དུ་དབང་བཞི་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཁྱབ་བདག་རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཡན་ལག་མེད་པའི་རྡོ་རྗེ། པདྨ་བཛྲ། ཨིནྡྲ་བྷཱུ་ཏི། ཕུན་ཚོགས་བདེ་བ། ནག་པོ་སྤྱོད་པ། བྲམ་ཟེ་དཔལ་འཛིན། པཎ་ཆེན་གྷ་ཡ་དྷ་ར། འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས། སེ་མཁར་ཆུ་བ་ཞེ་སྡང་རྡོ་རྗེ། ཞང་དགོན་པ་བ་ཆོས་འབར་རམ་རོལ་པའི་རྡོ་རྗེ། ས་ཆེན་ཀུན་དགའ་སྙིང་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ། ཤར་པ་ཤེས་