R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 171
[A:171] བ་རྡོ་རྗེ་གྲགས་པ། རྔོག་མདོ་སྡེའམ་ཞེ་སྡང་རྡོ་རྗེ། རྔོག་ཀུན་དགའ་རྡོ་རྗེ། རྔོག་གཟི་བརྗིད་གྲགས་པ། རྔོག་རིན་ཆེན་བཟང་པོ། རྔོག་ཆོས་ཀྱི་རྒྱལ་མཚན། རྔོག་དོན་གྲུབ་དཔལ། རྔོག་བྱང་ཆུབ་དཔལ། རྒྱལ་དབང་ཀུན་དགའ་དཔལ་འབྱོར། ངག་དབང་ཆོས་རྒྱལ། གཅུང་རིན་པོ་ཆེ། རྗེ་འབྲུག་པ་པདྨ་དཀར་པོ། ལྷ་རྩེ་པ་ངག་དབང་བཟང་པོ། དེས་མི་ཕམ་དབང་པོ། སངས་རྒྱས་རྡོ་རྗེ། དཔག་བསམ་དབང་པོ་གསུམ། ཕྱི་མས་ཡོངས་འཛིན་ཀུན་དགའ་ལྷུན་གྲུབ། དེ་ནས་མཐུ་ཆེན་ཆོས་ཀྱི་མགོན་པོ། ཡོངས་འཛིན་འཇམ་དཔལ་དཔའ་བོ། ཀརྨ་ཐུབ་བསྟན་ངག་དབང་། ཚེ་དབང་ཀུན་ཁྱབ། ཀརྨ་རཏྣ། སྒྲུབ་བླ་མ་ནཱ་ཐའི་མཚན་ཅན། ཀརྨ་འོད་གསལ་འགྱུར་མེད། ངག་དབང་ཡོན་ཏན་རྒྱ་མཚོ། དེས་བདག་བློ་གཏེར་ལའོ། །ཡང་ས་ལུགས་ལྟར་ན། ས་བཟང་མ་ཏི་པཎ་ཆེན་ཡན་གོང་ངོར་སཾ་ལྟར་ལ། དེ་ནས་ཐེག་ཆེན་ཆོས་རྗེ། བྲག་ཐོག་ཆོས་རྗེ། ཀུན་དགའ་རྣམ་རྒྱལ། ཡངས་པ་ཅན་པ། ལུང་རིགས་རྒྱ་མཚོ། ཏཱ་ར་ནཱ་ཐ་མན་འོག་ལྟར་རོ། །ངོར་ལུགས་ལྟར་ན། ངོར་ཆེན་ཡན་གོང་ངོར་སཾ་ལྟར་ལ། དེ་ནས་དཔལ་ལྡན་པ། གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ། ཀུན་དགའ་གྲོལ་མཆོག་ལུང་རིགས་རྒྱ་མཚོ། ཏཱ་ར་ནཱ་ཐ་མན་འོག་ནས་འབྱུང་བ་ལྟར་རོ། །ཡང་ན། ངོར་ཆེན་ནས། རྡོར་འཛིན་ཡོན་ཏན་དཔལ། གནས་ནང་བླ་མ་རྒྱལ་མཚན། སྤྱན་སྔ་ཆོས་ཀྱི་གྲགས་པ། འབྲི་གུང་རིན་ཆེན་ཕུན་ཚོགས་མན་གོང་བདེ་མཆོག་འཁོར་ལོས་སྒྱུར་དྲུག་ལྟར་རོ། །ཡང་ན། རྡོ་རྗེ་འཆང་ཆེན། རྡོ་རྗེ་རྣལ་འབྱོར་མ། ནག་པོ་སྤྱོད་པ། གྷ་མ་པ། ལངྐ་ལི་པ། ཏཻ་ལོ་པ། ནཱ་རོ་པ། ཨ་ཝ་དྷཱུ་ཏི་པ། སཽ་རཱི་པ། འཇིགས་མེད་འབྱུང་གནས།