[A:174]
གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ། འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ། བཀྲ་ཤིས་ལུང་པ་ནམ་མཁའ་བསོད་ནམས། དགེ་སྡིང་པ་ཆེན་པོ། སངས་རྒྱས་དཔལ་བ། རིན་ཆེན་གླིང་པ། དཀར་ཤོད་པ་རིན་ཆེན་རྡོ་རྗེ། ཐེག་ཆེན་ཀུན་དགའ་བཀྲ་ཤིས། རྫོང་ཆུང་བ་ཀུན་དགའ་རྒྱལ་མཚན། ནམ་མཁའ་ལྷུན་གྲུབ་བཟང་པོ། བྲག་ཐོག་དཔལ་འཛིན་བཟང་པོ། རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། དེས་ཀླུ་དབང་གླིང་པ་ཀུན་དགའ་རྒྱལ་པོ་དང་། ལྕང་ལོ་ཅན་པ་བསོད་ནམས་མཆོག་ལྡན་གཉིས། གཉིས་ཀས་འབྲས་སྤུངས་པ་ཚེ་དབང་བཀྲ་ཤིས། དེས་ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གཉིས། གཉིས་ཀས་བོད་མཁར་བ་བྱམས་པ་དོན་གྲུབ་རྒྱལ་མཚན་མན་བཀའ་བབས་སྔ་མ་ལྟར་རོ༎ ་༎བཀའ་བབས་གསུམ་པ་མི་འདྲ་བའི་ཁྱད་པར་ནི། ཐོག་མར་གྲི་གུག་ལྷ་ལྔ། ལྷ་བརྒྱད། ལྷ་བཅུ་གཉིས་མ་རྣམས་ཀྱི་བརྒྱུད་པ་སངས་རྒྱས་ཕུན་ཚོགས་ཡན་བཀའ་བབས་སྔ་མ་ལྟར་ལ། དེ་ནས་བསོད་ནམས་དཔལ་ལྡན། ནམ་མཁའ་བསམ་འགྲུབ། ས་ཆེན་ཀུན་བློ། ཡར་ཀླུང་ནམ་མཁའ་ལེགས་པ། ངག་དབང་ཆོས་འབྱོར། ངག་དབང་བཟང་པོ། ངག་དབང་ལེགས་གྲུབ། མཐུ་ཆེན་འཇམ་དཔལ་བསྟན་འཛིན། དེས་བདག་ལའོ། །ཡང་ལྷ་བཅུ་གཉིས་མ་ཇོ་བོ་ལུགས་ཀྱི་བརྒྱུད་པ་ལྟར་ན། ཤྲདྡྷཱ་ཀཱ་ར་ཝརྨ་ནས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལོ་ཆེན་རིན་ཆེན་བཟང་པོ། དགེ་ཚུལ་བསོད་ནམས། རྒྱ་ལྕགས་རི་གོང་པ། རྫིང་བུ་ཁ་པ་ཤཱཀྱ་གྲགས། སྤེན་ཕུག་པ་དར་མ་ཤཱཀྱ། བླ་མ་བསོད་ནམས་དབང་ཕྱུག་གན་པ་རིན་ཆེན་རྒྱལ་མཚན། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཏ་དབེན་པ་ཆེན་པོ། ལོ་ཙཱ་ཚུལ་ཁྲིམས་