R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 175
[A:175] བརྟན་པ། བྱམས་གླིང་པཎ་ཆེན་བསོད་ནམས་རྣམ་རྒྱལ། ཚར་ཆེན་བློ་གསལ་རྒྱ་མཚོ་མན་སྔར་ལྟར་རོ༎ ་༎བཀའ་བབས་བཞི་པ་གྱི་ལྗང་ལུགས་ཀྱི་མགོན་པོ་གཤིན་རྗེ་ལྟར་སྒྲུབ་པ་ལྷ་བཅུ་བདུན་མའི་དཀྱིལ་འཁོར་ཆེན་པོར་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་མ། བྲམ་ཟེ་མཆོག་སྲེད། སྒེག་པའི་རྡོ་རྗེ། ནག་པོ་རོ་འཛིན། ལོ་ཙཱ་བ་གྱི་ལྗང་དབུ་དཀར། ཁམས་པ་ཚར་དགུ་སྟོན་པ། གྲུབ་ཐོབ་བསོད་ནམས་གྲགས་པ། བླ་མ་ཡོན་ཏན། སྨོན་མིག་དམར་སྟོན་པ། བླ་ཆེན་ར་ལམ་པ། བླ་མ་ཞང་ཆུང་བ། ལང་གྲོ་བྱང་ཆུབ་དར། དེས་ལྕེ་མདོ་སྡེ། དཔལ་ཆེན་སྐྱེ་མེད། ཇོ་གདན་པ་གསུམ། གསུམ་གས་གྲུབ་སྟོན་ཤཱཀྱ་འབུམ། དེ་ནས་དབུས་པ་སངས་རྒྱས་འབུམ། ས་སྐྱ་པ་དྷརྨ་གཟི་བརྗིད། ཉི་ཐོག་སྔགས་འཆང་ཀུན་དགའ་ཟླ་བ། འདར་ཆེན་བློ་གྲོས་རྒྱལ་མཚན། མཁན་ཆེན་སེང་གེ་དཔལ། ཕ་རྒོད་ཆོས་ཀྱི་རྗེ། བྲག་ཐོག་བསོད་ནམས་བཟང་པོ། གོང་དཀར་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་ནས། མཐུ་ཆེན་འཇམ་དཔལ་བསྟན་འཛིན་གྱིས་བདག་བློ་གཏེར་དབང་པོར་གནང་བའི་བར་བཀའ་བབས་སྔ་མ་ལྟར་རོ༎ ་༎བསྟན་སྲུང་ཀུན་གྱི་གཙོ་བོ་དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ཁྲོ་བོ་བཅུའི་རྗེས་སུ་གནང་བ་ཟབ་མོ་རྗེ་ངག་དབང་ཆོས་གྲགས་ཀྱི་ཡིག་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས་རྡོ་རྗེ་འཆང་ཆེན། སློབ་དཔོན་བྲམ་ཟེ་མཆོག་སྲེད། པཎ་ཆེན་བདེ་བའི་རྡོ་རྗེ། ཤྲདྡྷ་ཀཱ་ར་ཝརྨ། ལོ་ཆེན་རིན་ཆེན་བཟང་པོ། བྲག་སྟེང་པ་ཡོན་ཏན་ཚུལ་ཁྲིམས། མལ་ལོ་བློ་གྲོས་གྲགས་པ། བརྩེ་ཆེན་ཀུན་དགའ་སྙིང་པོ། སློབ་