R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 186
[A:186] རིན་ཆེན་རྒྱལ་མཚན། རྒྱལ་བ་འཕགས་པ་ལྷ། མཁན་ཆེན་ནམ་མཁའ་དཔལ། འཕགས་པ་སངས་རྒྱས། དབོན་དྲུང་སངས་རྒྱས་འབྱུང་གནས། ལྕགས་ར་ངག་དབང་ཕྲིན་ལས་བཟང་པོ། འཕགས་པ་ལྷ་རྒྱལ་བ་རྒྱ་མཚོ། ངག་དབང་བཀྲ་ཤིས། གྲུབ་དབང་བློ་བཟང་དབང་ཕྱུག་ཞི་བ་ལྷ་དགེ་ལེགས་རྒྱལ་མཚན། དཀོན་རྡོར་ཕྱོགས་ལས་རྣམ་རྒྱལ། གླིང་སྨད་འཕགས་པ་མཆོག་དགའ། ལྷ་བཙུན་ཡེ་ཤེས་དོན་གྲུབ་བསྟན་པའི་རྒྱལ་མཚན། རྡོ་རྗེ་འཆང་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་བློ་གཏེར་ལའོ༎ ་༎སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་གར་དཔལ་ལྡན་ཨ་ཏི་ཤ་ལས་བརྒྱུད་པའི་ལམ་སྲོལ་ལ་སྐུ་མཆེད་གསུམ་ནས་གཞུང་། གདམས་ངག་མན་ངག་སྟེ་བཀའ་སྲོལ་གསུམ་དུ་གྱུར་པ་ལས། བཀའ་གདམས་མན་ངག་གི་ཟབ་ཆོས་རྨད་དུ་བྱུང་བ་ཐིག་ལེ་བཅུ་དྲུག་གི་དཀྱིལ་འཁོར་དུ་རྗེ་བློ་གྲོས་མཐའ་ཡས་ཀྱི་ཡིག་སྟེང་ནས་དབང་བསྐུར་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། འཕགས་པ་སྤྱན་རས་གཟིགས་ནས། རྒྱ་ཆེན་སྤྱོད་བརྒྱུད། ཟབ་མོ་ལྟ་བརྒྱུད། ཉམས་ལེན་བྱིན་རླབས་ཏེ་བརྒྱུད་སྲོལ་གསུམ་གྱི་ཆུ་བོ་གཅིག་འདྲེས་སུ་གྱུར་པ་ཇོ་བོ་རྗེ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན། འབྲོམ་སྟོན་ཆོས་ཀྱི་རྒྱལ་པོ། བཤེས་གཉེན་གསང་ཕུ་བ། རྔོག་ལེགས་པའི་ཤེས་རབ། མངའ་རིས་པ་ཤེས་རབ་རྒྱལ་མཚན། ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན། རྣལ་འབྱོར་ཀམ་པ་འབྲོམ་རིན་ཆེན་རྒྱལ་མཚན། ཞང་སྟོན་དར་མ་རྒྱལ་མཚན། སྟབས་ཀ་བ་འབྲོམ་བྱང་ཆུབ་བཟང་པོ། སྟོན་པ་ནམ་མཁའ་རིན་ཆེན། འབྲོམ་གཞོན་ནུ་བློ་གྲོས། སྣར་ཐང་མཁན་པོ་ཉི་མ་རྒྱལ་མཚན། གླིང་ཁ་བ་རིན་ཆེན་བྱང་ཆུབ།