R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 185
[A:185] མཁྱེན་པ། རས་ཆེན་སངས་རྒྱས་གྲགས་པ། སྦོམ་བྲག་བསོད་ནམས་རྡོ་རྗེ། པཀྵི་ཆོས་ཀྱི་བླ་མ། ཨོ་རྒྱན་པ་རིན་ཆེན་དཔལ། རྗེ་རང་བྱུང་རྡོ་རྗེ། གཡུང་སྟོན་རྡོ་རྗེ་དཔལ། རྗེ་བཙུན་རོལ་པའི་རྡོ་རྗེ། རྟོགས་ལྡན་མཁའ་སྤྱོད་དབང་པོ། རྗེ་དེ་བཞིན་གཤེགས་པ། སྙན་བརྒྱུད་ཐོག་མར་མཛད་པ་པོ་མི་ཉག་གྲུབ་ཐོབ་རྨ་སེ་བློ་གྲོས་རིན་ཆེན། ཆོས་དཔལ་ཡེ་ཤེས། བསོད་ནམས་དབང་ཕྱུག་བློ་གྲོས་གྲགས་པ། བློ་གྲོས་རྒྱ་མཚོ། དོན་གྲུབ་བཀྲ་ཤིས། ལེགས་བཤད་སྒྲ་དབྱངས། བློ་གྲོས་རྣམ་རྒྱལ། སངས་རྒྱས་རིན་ཆེན། ཀུན་དགའ་རྣམ་རྒྱལ། ཀརྨ་བསྟན་སྐྱོང་། བསོད་ནམས་འགྱུར་མེད། དཀོན་མཆོག་བསྟན་འཛིན། བསྟན་པ་རྣམ་རྒྱལ། གསུང་རབ་རྒྱ་མཚོ། ཆོས་ཀྱི་འབྱུང་གནས། དགེ་ལེགས་རབ་རྒྱས། འགྱུར་མེད་བསྟན་གསལ། སྒྲུབ་བརྒྱུད་བསྟན་འཛིན། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ། དེས་བདག་བློ་གཏེར་ལའོ༎ ་༎དྭགས་པོའམ་ཟུར་མང་སྙན་བརྒྱུད་ཀྱི་ཡུམ་བཀའ་ནི་གོང་གི་ཀཾ་ཚང་ལུགས་ཀྱི་ཕག་མོ་ལྷ་ལྔ་དང་ལྷ་སྔགས་ཡིག་ཆ་བཅས་གཅིག་པས་འདིར་ཟུར་དུ་མ་སྤྲོས་སོ༎ ་༎གསུམ་པ་ངམ་རྫོང་སྙན་བརྒྱུད་དུ་གྲགས་པའི་དཔལ་འཁོར་ལོ་བདེ་མཆོག་ལྷ་ལྔ་ནང་ལུས་དཀྱིལ་དང་བཅས་པའི་དཀྱིལ་འཁོར་དུ་ངམ་རྫོང་སྙན་བརྒྱུད་ཀྱི་ཡིག་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་ཕག་མོ། ཏཻ་ལོ་པ། ནཱ་རོ་པ། མར་པ་ལོ་ཙཱ་བ། མར་པ་མགོ་ཡག་མི་ལ། རས་ཆུང་། ངམ་རྫོང་རས་པ་བོ་དྷི་རཱ་ཛ། གུང་ཐང་རས་པ་ཡོན་ཏན་བཟང་པོ། མཁས་བཙུན་ཡོན་ཏན་འབུམ། བྱང་ཆུབ་ཡེ་ཤེས། གྲགས་པ་བཟང་པོ། བཟང་པོ་དཔལ། རྒྱ་སྟོན་ཆོས་བཟང་། ནམ་མཁའ་བཟང་པོ།