[A:191]
ཟབ་གསང་རྒྱུད་སྡེ་རིན་པོ་ཆེའི་ཟ་མ་ཏོག་ཆེན་པོ་འདི་ཉིད་སྲུང་ཞིང་སྤེལ་བའི་ཆོས་སྐྱོང་དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ལྷ་བརྒྱད་ཐུན་མོང་མ་ཡིན་པའི་རྗེས་སུ་གནང་བ་ཟབ་མོ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཁྱབ་བདག་རྡོ་རྗེ་འཆང་། སློབ་དཔོན་བྲམ་ཟེ་མཆོག་སྲེད། ནོར་བུ་གླིང་པ་བདེ་བའི་རྡོ་རྗེ། དད་བྱེད་གོ་ཆ། ལོ་ཆེན་རིན་ཆེན་བཟང་པོ། བྲག་སྟེང་པ་ཡོན་ཏན་ཚུལ་ཁྲིམས། མལ་ལོ་བློ་གྲོས་གྲགས་པ། ས་སྐྱ་གོང་མ་རྣམ་ལྔ་རིམ་བཞིན། ཀུན་དགའ་གྲགས་པ། བདག་ཉིད་ཆེན་པོ། ནམ་མཁའ་ལེགས་པ། བླ་མ་དམ་པ། བླ་ཆེན་ཀུན་དགའ་རྒྱལ་མཚན། ནམ་མཁའ་རྒྱལ་མཚན། བློ་གྲོས་རྒྱལ་མཚན། རྡོ་རིང་ཆེན་པོ། ཚར་ཆེན། མཁྱེན་བརྩེའི་དབང་ཕྱུག་བསླབ་གསུམ་རྒྱལ་མཚན། བསོད་ནམས་ཆོས་འཕེལ་གཉིས། གཉིས་ཀས་དབང་ཕྱུག་རབ་བརྟན། དེ་ནས་བསོད་ནམས་མཆོག་གྲུབ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་རྡོ་རྗེ་འཆང་། ས་ཆེན་ཀུན་བློ། ཡར་ཀླུང་ནམ་ལྷུན། ས་སྐྱོང་བླ་མ། ཤར་བླ་ཀུན་དགའ་དཔལ་ལྡན། མཁན་ཆེན་ཀུན་དགའ་བསྟན་པའི་བློ་གྲོས། མཐུ་ཆེན་འཇམ་དཔལ་བསྟན་འཛིན། དེས་བདག་བློ་གཏེར་ལའོ༎ ་༈་་༎
་
གཉིས་པ་སྤྱི་བཀའ་བསྡོམས་ནས་སྨོས་པ་ལའང་རྡོ་རྗེ་ཕྲེང་བ་དང་། མི་ཏྲ་བརྒྱ་རྩ་གཉིས། དང་པོ་སློབ་དཔོན་ཨ་བྷ་ཡཱ་ཀ་རས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་བྱིན་གྱིས་བརླབས་ཤིང་བཀའི་གནང་བ་སྩལ་བ་ལ་བརྟེན་ནས་རྒྱུད་སྡེ་བཞིའི་ཡི་དམ་བཞི་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་ཆེན་པོ་བཞི་བཅུ་རྩ་གཉིས་ཕྱོགས་གཅིག་ཏུ་བསྟར་བའི་བསྟན་བཅོས་ཕྲེང་བ་སྐོར་གསུམ་དང་། དེའི་སྟེང་དུ་དརྤཎ་ཨཱ་ཙཪྻས་དགེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་གསུམ་བསྣན་པའི་བསྟན་བཅོས་ཀྲྀ་ཡ་ས་མུཙྪ་