[A:192]
གཉིས་ཀྱི་དགོངས་པ་ཐར་རྩེ་ནམ་མཁའ་དཔལ་བཟང་གིས་མཛད་པའི་རྡོ་རྗེ་ཕྲེང་བའི་སྒྲུབ་དཀྱིལ་སྤྲགས་མ་རྡོར་ཕྲེང་མཛེས་རྒྱན་གྱི་ཡིག་སྟེང་ནས་འཇམ་རྡོར་ལ་སློབ་མ་སྟ་གོན་དང་། ཀྲྀ་ཡའི་ཕྱག་ལེན་བདེ་མཆོག་འཁོར་ལོས་སྒྱུར་དྲུག་ལ་སྦྱར་ཏེ་དཀྱིལ་འཁོར་ཞེ་ལྔའི་དབང་བཀའ་ཡོངས་རྫོགས་སོ་སོར་ཐོབ་པ་ལ། ཐོག་མར་དཔལ་གསང་བ་འདུས་པ་འཇམ་དཔལ་རྡོ་རྗེ་ལྷ་བཅུ་དགུ་པ༡)། དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེ་ལྷ་སོ་གཉིས་པ༢)། རྣམ་སྣང་སྒྱུ་འཕྲུལ་དྲྭ་བའི་འཇམ་དཔལ་རྡོ་རྗེ་ལྷ་ཞེ་གསུམ་པ༣)། གཤིན་རྗེའི་གཤེད་དགྲ་ནག་པོ་ལྷ་བཅུ་གསུམ་མ་༤)སྟེ་ཕ་རྒྱུད་ཀྱི་དཀྱིལ་འཁོར་བཞི། ་དཔལ་དགྱེས་པ་རྡོ་རྗེ་ཐོད་པ་ཅན་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ལྷ་དགུ་པ༥)། ཐུགས་ཀྱེ་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ་ལྷ་དགུ་པ་༦)། གསུང་ཀྱེ་རྡོ་རྗེ་ཞལ་གཅིག་ཕྱག་བཞི་པ་ལྷ་དགུ་པ་༧)། སྐུ་ཀྱེ་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པ་ལྷ་དགུ་པ་༨)། གུར་མཁའ་འགྲོ་ལྔ་རིགས་བསྡུས་པ་ལྷ་ང་གསུམ་པ་༩)། བདག་མེད་ལྷ་མོ་ཉེར་གསུམ་མ་༡༠)། བདག་མེད་ལྷ་མོ་བཅོ་ལྔ་མ་༡༡)། ཀུ་རུ་ཀུལླེ་ལྷ་བཅོ་ལྔ་མ་༡༢)། རྡོ་རྗེ་སྒྲོལ་མ་ལྷ་བཅུ་གསུམ་མ་༡༣)། དཔལ་དགེས་པ་རྡོ་རྗེ་མཚོན་ཆ་ཅན་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ལྷ་བཅུ་བདུན་པ་༡༤)། ཐུགས་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ་ལྷ་བཅུ་བདུན་པ་༡༥)། གསུང་རྡོ་རྗེ་ཞལ་གཅིག་ཕྱག་བཞི་པ་ལྷ་བཅུ་བདུན་པ་༡༦)། སྐུ་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པ་ལྷ་བཅུ་བདུན་པ་༡༧)། བདེ་མཆོག་རྡོ་རྗེ་སེམས་དཔའ་ལྷ་བཅུ་བདུན་༡༨)པ་སྟེ་གཉིས་མེད་རྒྱུད་ཀྱི་དཀྱིལ་འཁོར་བཅུ་བཞི། འཁོར་ལོ་སྡོམ་པ་ལྷ་དྲུག་ཅུ་རྩ་གཉིས་༡༩)པ། བདེ་མཆོག་སྔོན་པོ་ལྷ་རེ་གཉིས་༢༠)པ། བདེ་མཆོག་སེར་པོ་ལྷ་རེ་གཉིས་པ་༢༡)། ཕག་མོ་དམར་མོ་ལྷ་སོ་བདུན་མ་༢༢)། ཕག་མོ་སྔོན་མོ་ལྷ་སོ་བདུན་མ༢.༣)། ཕག་མོ་སེར་མོ་ལྷ་སོ་བདུན་མ༢.༤)། ཧཱུཾ་མཛད་ལྷ་བཅུ་གཅིག་པ་༢༥)། བདེ་མཆོག་འཁོར་ལོས་སྒྱུར་དྲུག་ལྷ་བདུན་ཅུ་རྩ་གཉིས་པ་༢༦)།