R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 193
[A:193] རྡོ་རྗེ་བདུད་རྩི་ལྷ་ཉེར་གཅིག་པ་༢༧)། བདུད་རྩི་ཧཱུཾ་མཛད་ལྷ་ཉེར་དགུ་པ་༢༨)། བདུད་རྩི་ཁྲོ་བོ་ལྷ་ཉེར་གཅིག་པ་༢༩)། བདུད་རྩི་འཁྱིལ་པ་ལྷ་བཅུ་གསུམ་པ་༣༠)། སངས་རྒྱས་ཐོས་པ་ལྷ་ཉེར་ལྔ་པ་༣༡)། སངས་རྒྱས་ཐོད་པ་ལྷ་དགུ་པ་༣༢)། མ་ཧཱ་མཱ་ཡཱ་ལྷ་ལྔ་པ་༣༣)། གདན་བཞིའི་རྣལ་འབྱོར་ནམ་མཁའ་ལྷ་ང་བརྒྱད་༣༤)། གདན་བཞིའི་ཡུམ་བཀའ་ཡེ་ཤེས་མཁའ་འགྲོ་ལྷ་བཅུ་གསུམ་༣༥)མ་སྟེ་མ་རྒྱུད་ཀྱི་དཀྱིལ་འཁོར་བཅུ་བདུན། དཔལ་དུས་ཀྱི་འཁོར་ལོ་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པ་ལྷ་དྲུག་བརྒྱ་རྩ་བཞིའམ་སྟོང་དང་བཞི་བརྒྱ་པ་༣༦)། ་་་་འདིའང་གཉིས་མེད་རྒྱུད། རྡོ་རྗེ་དབྱིངས་ལྷ་ལྔ་བཅུ་རྩ་གསུམ་༣༧)པ། ཤཱཀྱ་སེང་གེ་གཙུག་ཏོར་དགུ་པ་ལྷ་སོ་བདུན་པ་༣༨)། འཇམ་དཔལ་ཆོས་དབྱིངས་གསུང་དབང་ལྷ་ཉིས་བརྒྱ་ཉེར་གཅིག་པ་༣༩)སྟེ་རྣལ་འབྱོར་རྒྱུད་ཀྱི་དཀྱིལ་འཁོར་གསུམ། གསང་བདག་འབྱུང་པོ་འདུལ་བྱེད་ལྷ་སོ་གསུམ་པ་༤༠) སྤྱོད་རྒྱུད། ་་་་བྱ་རྒྱུད་དུ་གཞག་པའང་ཡོད། ལྷ་མོ་འོད་ཟེར་ཅན་མ་ལྷ་ཉེར་ལྔ་མ་༤༡)། གཟུངས་གྲྭ་ལྔ་ལྷ་བཅུ་གསུམ་མ་༤༢)སྟེ་ཕྲེང་བའི་དངོས་བསྟན་གྱི་དཀྱིལ་འཁོར་ཞེ་གཉིས་དང་། དེའི་ཁར་ལྷ་མོ་ནོར་རྒྱུན་མ་ལྷ་བཅུ་དགུ་མ་༤༣)། གཟའ་ཡུམ་རིག་པ་ཆེན་མོ་ལྷ་ཞེ་དྲུག་གམ་ལྔ་བཅུ་མ་༤༤)། གཙུག་ཏོར་རྣམ་པར་རྒྱལ་མ་༤༥)ལྷ་སོ་གསུམ་མ་སྟེ་ཀྲྀ་ཡའི་དགེ་ལེགས་སུ་བྱེད་པའི་ལྷ་གསུམ་བཅས་བྱ་རྒྱུད་ཀྱི་དཀྱིལ་འཁོར་ལྔ། དེ་ལྟར་དཀྱིལ་འཁོར་ཆེན་པོ་བཞི་བཅུ་རྩ་ལྔའི་དང་པོ་རྡོར་ཕྲེང་དཀྱིལ་འཁོར་ཞེ་གཉིས་ཀྱི་བརྒྱུད་པ་ནི། རྒྱལ་བ་རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཨ་བྷ་ཡཱ་ཀ་ར་གུཔྟ། ཨ་ནུ་ས་མ་རཀྵི་ཏ། བི་ཁྱཱ་ཏ་དེ་བ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་བྷ་དྲ། པཎྜི་ཏ་བྷཱུ་མི་ཤྲཱི། བི་མ་ལ་ཤྲཱི། བོ་དྷི་སིདྷ་སྐྱི་སྟོན་འཇམ་དབྱངས་གྲགས་པ་རྒྱལ་མཚན། དོལ་པོ་ཤེས་རབ་རྒྱལ་མཚན། ས་བཟང་པཎ་ཆེན་བློ་གྲོས་རྒྱལ་མཚན། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། དེས་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ལའོ། །