R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 195
[A:195] འབྱོར་བཟང་པོ། དཔལ་མྱོས་བྱེད་བཟང་པོ། དཔལ་ཕུན་ཚོགས་བཟང་པོ། ནམ་མཁའ་བཟང་པོ། ཆུའི་འཚོ་བ་བཟང་པོ། འཕྲོག་བྱེད་བཟང་པོ། སྐལ་ལྡན་བཟང་པོ། ཀུན་དགའི་འཚོ་བ་བཟང་པོ། པཎྜི་ཏ་བྱང་ཆུབ་ཆེན་པོ། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། ངོར་ཆེན་ནོ། ། ་ དེ་ལྟར་བརྒྱུད་སྲོལ་ཀུན་འདུས་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ནས། བྱང་སེམས་བློ་གྲོས་རིན་ཆེན། འཇམ་དབྱངས་སངས་རྒྱས་རིན་ཆེན། ལྷ་མཆོག་སེང་གེ་དཀོན་མཆོག་ལྷུན་གྲུབ། ནམ་མཁའ་དཔལ་བཟང་། བསོད་ནམས་ལྷུན་གྲུབ། བཅོ་བརྒྱད་པ་བྱམས་པ་བསྟན་འཛིན་བཟང་པོ། བཅོ་བརྒྱད་པ་བྱམས་པ་ངག་དབང་བཟང་པོ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། ཀུན་དགའ་ལེགས་པའི་འབྱུང་གནས། མཁན་ཆེན་སངས་རྒྱས་ཡེ་ཤེས། ནམ་མཁའ་བསམ་འགྲུབ། བསྟན་འཛིན་ཕུན་ཚོགས། རིན་ཆེན་ལྷུན་གྲུབ། འཕགས་པ་ཀུན་བཟང་། འབའ་བླ་བསོད་ནམས་ཡེ་ཤེས། འབའ་དབོན་ཀུན་དགའ་ཡེ་ཤེས། ཀུན་དགའ་དཔལ་ལྡན། ངོར་མཁན་རབ་ང་དྲུག་པ་རྡོ་རྗེ་འཆང་དཔལ་ལྡན་བློ་གྲོས་རྒྱལ་མཚན། དེས་བདག་བློ་གཏེར་ལའོ། །ཡང་ན། ནམ་མཁའ་དཔལ་བཟང་ནས། ཀུན་དགའ་བསོད་ནམས། ཀུན་དགའ་བཀྲ་ཤིས། ཚུལ་ཁྲིམས་བཀྲ་ཤིས། ནམ་མཁའ་བསམ་འགྲུབ་མན་འདྲ། ཡང་ན། དཀོན་མཆོག་ལྷུན་གྲུབ་ནས། ཤར་ཁང་པ་ཤེས་རབ་རྒྱལ་མཚན། ནམ་མཁའ་དཔལ་བཟང་མན་འདྲ། ཡང་ན། ལྷ་མཆོག་སེང་གེ་ནས། ཤར་ཁང་པ་ཤེས་རབ་རྒྱལ་མཚན་མན་གོང་བཞིན། ཡང་ན། དཀོན་མཆོག་ལྷུན་གྲུབ་ནས། སངས་རྒྱས་སེང་གེ་ཐར་རྩེ་ནམ་མཁའ་དཔལ་བཟང་མན་འདྲའོ༎ ་༎ གཉིས་པ་གྲུབ་པའི་དབང་ཕྱུག་ཆེན་པོ་མི་ཏྲ་ཛོ་ཀིས་