R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 196
[A:196] ཕྱོགས་གཅིག་ཏུ་བསྒྲིགས་པའི་ཐུགས་དམ་གྱི་ལྷ་མཆོག་བརྒྱ་དང་བརྒྱད་ཀྱི་དཀྱིལ་འཁོར་ཆེན་པོ་རྣམས་སུ་གཉན་འོད་སྲུང་མགོན་པོའི་མངོན་རྟོགས་མུ་ཏིག་ཕྲེང་བ། སི་ཏུའི་དབང་ཆོག་མཁྱེན་བརྩེའི་མཚམས་སྦྱོར་དགོངས་རྒྱན་མཛེས་བྱེད་བཅས་ཀྱི་སྟེང་ནས་སློབ་མ་རྗེས་འཛིན་དང་སྟ་གོན་སྔོན་དུ་འགྲོ་བའི་སྒོ་ནས་དངོས་གཞིའི་དབང་རྣམས་རྫོགས་པར་ཐོབ་པའི་ཐོག་མར། དབྱངས་ཅན་མ་ལྷ་བཅུ་གསུམ་མ༡)། ལོ་གྱོན་མ་ལྷ་ལྔ་མ༢)། གདུགས་དཀར་ལྷ་ཉེར་དགུ་མ༣)། རྣམ་རྒྱལ་ལྷ་དགུ་མ༤)། གྲྭ་ལྔ་ལྷ་བཅུ་བདུན་མ༥)། འོད་ཟེར་ཅན་མ་ལྷ་ཉེར་ལྔ་མ༦)། ཛམྦྷ་ལ་ལྷན་སྐྱེས་ལྷ་བཅོ་བརྒྱད་པ༧)། ཁ་འབར་མའི་གཟུངས་ཀྱི་རྗེས་འབྲང་ཐུབ་པ་ཆེན་པོ་ལྷ་སོ་ལྔ་པ་༨)། ཨ་ར་པ་ཙ་ན་ལྷ་ལྔ་པ་༩)། ཐུགས་རྗེ་ཆེན་པོ་འགྲོ་འདུལ་ལྷ་བཅུ་གསུམ་པ་༡༠)། དོན་ཡོད་ཞགས་པ་ལྷ་ལྔ་པ་༡༡)། སེང་གེ་སྒྲ་ལྷ་ལྔ་པ་༡༢)། རྟ་མགྲིན་ལྷ་བཅུ་བདུན་པ་༡༣)། མི་གཡོ་བ་ལྷ་བཅུ་གཅིག་པ་༡༤)། རྣམ་འཇོམས་ལྷ་ཉེར་གསུམ་པ་༡༥)སྟེ་བྱ་རྒྱུད་ཀྱི་དཀྱིལ་འཁོར་བཅོ་ལྔ། ཕྱག་རྡོར་མདོ་ལུགས་ལྷ་དགུ་པ་༡༦)། བདུད་རྩི་ཐིགས་པ་ལྷ་ལྔ་པ་༡༧)། ཕྱག་རྡོར་གོས་སྡོན་ཅན་ལྷ་ལྔ་པ་༡༨)། ཕྱག་རྡོར་མཆོད་རྟེན་དྲུང་ཐོབ་གཟུངས་རིས་ལྷ་ལྔ་པ་༡༩)། ཕྱག་རྡོར་འགྲོ་བཟང་ལུགས་ལྷ་རེ་དགུ་པ་༢༠)། ཕྱག་རྡོར་ལྕགས་སྦུབས་མ་ལྷ་བཅུ་གསུམ་པ་༢༡)། གཏུམ་པོ་ཁྱུང་ཤམ་ཅན་ལྷ་ལྔ་པ་༢༢)། རྡོ་རྗེ་ཁྱུང་ལྷ་དགུ་པ་༢༣)། མི་འཁྲུགས་པ་ལྷ་བཅུ་གསུམ་པ་༢༤་སྟེ་སྤྱོད་རྒྱུད་ཀྱི་དཀྱིལ་འཁོར་དགུ། ཡོ་ག་གཙུག་ཏོར་དགུ་པ་ལྷ་སོ་བདུན་པ་༢༥)། ཀུན་རིག་རྩ་བའི་དཀྱིལ་འཁོར་ལྷ་བརྒྱ་དང་གཅིག་པ་༢༦)། ཚེ་དཔག་མེད་གསུང་གི་དཀྱིལ་འཁོར་ལྷ་བཅུ་གསུམ་པ་༢༧)། ཕྱག་ན་རྡོ་རྗེ་ཐུགས་ཀྱི་དཀྱིལ་འཁོར་ལྷ་བཅུ་གསུམ་པ་༢༨)། བདེ་བ་ཆེན་པོ་ཡོན་ཏན་གྱི་དཀྱིལ་འཁོར་ལྷ་བརྒྱ་དང་ཞེ་བཞི་པ་༢༩)། མེ་ལྟར་འབར་བ་ཕྲིན་ལས་ཀྱི་དཀྱིལ་འཁོར་ལྷ་བཅུ་བདུན་པ་༣༠)།