R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 197
[A:197] ཕྱོགས་སྐྱོང་བ་བཅུ་རྒྱལ་ཆེན་བཞི་དང་བཅས་པའི་དཀྱིལ་འཁོར་ལྷ་ཉེར་གསུམ་མ་༣༡། གཟའ་ཆེན་བརྒྱད་རྒྱུ་སྐར་དང་བཅས་པའི་དཀྱིལ་འཁོར་ལྷ་ཞེ་ལྔ་པ་༣༢། ཕྱག་རྡོར་ཀླུ་ཆེན་བརྒྱད་ཀྱི་དཀྱིལ་འཁོར་ལྷ་བཅུ་གསུམ་མ་༣༣། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལྷ་ང་གསུམ་མ་༣༤། ཁམས་གསུམ་རྣམ་རྒྱལ་ལྷ་ང་གསུམ་མ་༣༥། འགྲོ་འདུལ་ལྷ་ང་གསུམ་མ་༣༦། དོན་གྲུབ་ཀྱི་དཀྱིལ་འཁོར་ལྷ་ང་གསུམ་མ་༣༧། དཔལ་མཆོག་དང་པོ་ལྷ་ང་གསུམ་མ་༣༨། འཇམ་དཔལ་གསང་ལྡན་ལྷ་ང་གསུམ་མ་༣༩། འཇམ་དཔལ་གྲགས་པའི་ལུགས་ཀྱི་མཚན་བརྗོད་ཆོས་དབྱིངས་གསུང་དབང་རྩ་བའི་ལྷ་བཅུ་བདུན་ཡན་ལག་གི་ལྷ་བརྒྱ་དང་བཅུ་དགུ་པ་༤༠། ཙནྡྲ་གོ་མཱིའི་ལུགས་ཀྱི་འཇམ་དཔལ་མཚན་བརྗོད་ལྷ་ཉེར་ལྔ་པ་༤༡། མཚན་བརྗོད་གདམས་ངག་ཅན་ལྷ་ཉེར་ལྔ་པ་༤༢། ཡུམ་ཤེར་ཕྱིན་མ་ལྷ་དོན་གཅིག་པ་༤༣། སྐུ་གདུང་བསྟན་པ་དམ་པ་རིགས་བརྒྱ་ལྷ་བརྒྱ་དང་གཅིག་པ་༤༤། རྡོ་རྗེ་སེམས་དཔའ་ལྷ་བཅུ་བདུན་པ་་༤༥་སྟེ་རྣལ་འབྱོར་རྒྱུད་ཀྱི་དཀྱིལ་འཁོར་ཉེར་གཅིག་གསང་འདུས་ཡེ་ཤེས་ཞབས་ལུགས་འཇམ་དཔལ་རྡོ་རྗེ་ལྷ་བཅུ་དགུ་པ་༤༦། གསང་འདུས་འཕགས་ལུགས་མི་བསྐྱོད་རྡོ་རྗེ་ལྷ་སོ་གཉིས་པ་༤༧། གསང་འདུས་ཧཱུྃ་མཛད་ལྷ་བཅུ་དགུ་པ་༤༨། སྒེག་པའི་རྡོ་རྗེའི་འཇམ་རྡོར་ལྷ་ཞེ་གསུམ་པ་༥༩། གཤིན་རྗེ་དགྲ་ནག་ལྷ་བཅུ་གསུམ་མ་༥༠། གཤིན་རྗེ་གདོང་དྲུག་ལྷ་ཉེར་གཅིག་པ་༥༡། གཤེད་དམར་ལྷ་བཅུ་གསུམ་མ་༥༢། འཇིགས་བྱེད་ལྷ་དགུ་མ༥.༣། རྣམ་སྣང་སྲུང་བའི་ལུགས་ཀྱི་འཇིགས་བྱེད་ཡུམ་ཅན་ལྷ་བཅོ་བརྒྱད་པ༥.༤། འཇིགས་བྱེད་ཕྱག་གཉིས་པ་ལྷ་དགུ་པ༥.༥། ཛ་ཝ་རི་བའི་ལུགས་ཀྱི་ཕྱག་རྡོར་འཁོར་ལོ་ཆེན་པོ་ལྷ་བཅུ་དགུ་པ་༥.༦.སྟེ་བླ་མེད་ཕ་རྒྱུད་ཀྱི་དཀྱིལ་འཁོར་བཅུ་གཅིག་།སྙིང་པོ་དཔལ་ཀྱེ་རྡོ་རྗེ་ཞལ་བརྒྱད་ཕྱག་བཅུ་དྲུག་ཅན་ལྷ་དགུ་པ༥.༧། ཐུགས་ཀྱེ་རྡོ་རྗེ་ཞལ་གསུམ་