[A:199]
རིན་ཆེན་འབྱུང་ལྡན་ལྷ་བཅོ་བརྒྱད་པ༩.༣། སྣང་བ་མཐའ་ཡས་ལྷ་བཅོ་བརྒྱད་པ༩.༤། མི་བསྐྱོད་པ་ལྷ་བཅོ་བརྒྱད་པ༩.༥། དོན་ཡོད་གྲུབ་པ་ལྷ་བཅོ་བརྒྱད་པ༩.༦། མ་ཧཱ་མཱ་ཡཱ་ལྷ་ལྔ་པ༩.༧། མ་ཧཱ་མཱ་ཡཱ་འབྲིང་པོ་ལྷ་ལྔ་པ༩.༨། ཀུ་ཀུ་རི་པའི་མ་ཧཱ་མཱ་ཡཱ་ལྷ་གཅིག་པ༩.༩། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་དགུ་པ༡.༠.༠། རྟ་མགྲིན་པདྨ་གར་དབང་ལྷ་བཅུ་གཉིས་པ་༡༠༡། གདན་བཞི་རྣལ་འབྱོར་ནམ་མཁའ་ལྷ་གྱ་༡༠༢་གཅིག་།གདན་བཞི་ཡེ་ཤེས་མཁའ་འགྲོ་ལྷ་བཅུ་གསུམ་མ་༡༠༣། སངས་རྒྱས་ཐོད་པ་ལྷ་ཉེར་ལྔ་༡༠༤། སངས་རྒྱས་ཐོད་པ་ལྷ་དགུ་པ་༡༠༥། རྡོ་རྗེ་སྒྲོལ་མ་ལྷ་བཅུ་དགུ་མ་༡༠༦། ཉི་སྦས་ལུགས་ཀྱི་སྒྲོལ་མ་ལྷ་ཉེར་གཅིག་མ་༡༠༧། མགོན་པོ་ཕྱག་བཞི་པ་ལྷ་དགུ་༡༠༨་པ་སྟེ་བླ་མེད་མ་རྒྱུད་སྐོར་གྱི་དཀྱིལ་ཁོར་བཅོ་བརྒྱད་བཅས་དཀྱིལ་འཁོར་བརྒྱ་རྩ་བརྒྱད་ཀྱི་དབང་རྣམས་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། ཞལ་གཟིགས་ལྟར་ན། རྒྱལ་བ་རྡོ་རྗེ་འཆང་། དཀྱིལ་འཁོར་སོ་སོའི་གཙོ་བོ། འཕགས་མཆོག་སྤྱན་རས་གཟིགས། གྲུབ་ཆེན་མི་ཏྲ་ཛོ་ཀི་པཎྜི་ཏ་དོན་ཡོད་རྡོ་རྗེ། གཉན་འོད་སྲུང་མགོན་པོ། མགོ་ཁམས་ཇོ་སྲས། རྒྱལ་ལྷ་ཁང་པ་བྱམས་པ་སེང་གེ་།བ་ལམ་པ་རིན་ཆེན་ཤེས་རབ། ཞྭ་ལུ་གཡུང་སྟོན་རྡོ་རྗེ་དཔལ། མཁན་ཆེན་གྲགས་པ་ཚུལ་ཁྲིམས། མཁས་གྲུབ་ཆོས་དར་བ། བུ་ལུང་པ་སངས་རྒྱས་དཔལ་བཟང་། ཤངས་གྲགས་པ་དཔལ་བཟང་། ཟུར་ཁང་པ་རིན་ཆེན་ཀུན་དགའ། རབ་འབྱམས་པ་ཆོས་རྗེ་ཚུལ་ཁྲིམས་དབང་ཕྱུག་།དཔའ་བོ་གཙུག་ལག་ཕྲེང་བ། ཞྭ་དམར་ལྔ་པ་དཀོན་མཆོག་ཡན་ལག་རྣམ་རྒྱལ་རིན་ཆེན་དཔལ་བཟང་། ངག་དབང་རྣམ་རྒྱལ། བཀྲ་ཤིས་དཔལ་གྲུབ། རྣམ་རྒྱལ་ལེགས་གྲུབ། ཕྲིན་ལས་ཤེས་རབ། དེ་གཉིས་ཀས་འཇོ་ཕུ་ཡེ་ཤེས་རྡོ་རྗེ། རྗེ་གཏེར་ཆེན་རོལ་པའི་རྡོ་རྗེ། གསུང་རབ་རྒྱ་མཚོ། བསྟན་པའི་ཉིན་བྱེད། ཀརྨ་པ་བདུད་འདུལ་རྡོ་རྗེ། སི་ཏུ་པདྨ་