R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 200
[A:200] ཉིན་བྱེད་དབང་པོ། གྲུབ་ཆེན་འཛམ་གླིང་གྲགས་པ། བླ་མ་ཀུན་བཟང་ཕྲིན་ལས་ལྷུན་གྲུབ། ཀརྨ་ཐེག་མཆོག་བསྟན་འཕེལ། ངེས་དོན་བསྟན་པ་རབ་རྒྱས། རྗེ་ཀུན་དགའ་འཇམ་དབྱངས། དེས་བདག་བློ་གཏེར་ལའོ། །ཡང་ན། སི་ཏུ་བསྟན་པའི་ཉིན་བྱེད་དམ་ཆོས་ཀྱི་འབྱུང་གནས་ནས། ཀརྨ་པ་བདུད་འདུལ་རྡོ་རྗེ། སི་ཏུ་པདྨ་ཉིན་བྱེད་དབང་པོ། གྲུབ་པ་མཆོག་བརྙེས་ཀརྨ་ཡང་དག་ཀུན་བཟང་ཕྲིན་ལས་ལྷུན་གྲུབ་མན་འདྲ། ཡང་ན། རིན་ཆེན་ཀུན་དགའ་ནས། ཀརྨ་ཕྲིན་ལས། རྔོག་བསོད་ནམས་བསྟན་འཛིན་གྲུབ་ཆེན་ཀརྨ་ལེགས་མཛད། རྣམ་རྒྱལ་རིན་ཆེན་དཔལ་བཟང་མན་ཆད་འདྲའོ༎ ་༎ ད་ནི་ཐ་མར་དགེ་བའི་རྟེན་འབྱུང་དུ་འཆི་མེད་ཚེ་ལྷ་རྣམ་གསུམ་གྱི་དབང་བསྐུར་བས་དགེ་ཞིང་ཤིས་པར་བྱ་བ་ལ་གསུམ་ལས། དང་པོ་གྲུབ་རྒྱལ་ལུགས་ཀྱི་ཚེ་དཔག་མེད་ཞི་བ་ལྷ་མང་གི་དཀྱིལ་འཁོར་དུ་དབང་བསྐུར་ལེགས་པར་ཐོབ་པའི་བརྒྱུད་པ་ནི་གོང་བླ་མེད་ཀྱི་སྐབས་སུ་བྲིས་ཟིན་པ་དེས་འཐུས་སོ༎ ་༎ གཉིས་པ་གྲུབ་ཆེན་ཆེན་མི་ཏྲ་ཛོ་ཀའི་བཀའ་སྲོལ་ལས་བྱུང་བའི་གཙུག་ཏོར་རྣམ་པར་རྒྱལ་མ་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་བྱ་རྒྱུད་དང་མཐུན་པར་ལེགས་པར་ཐོབ་པའི་བརྒྱུད་པ་ནི་གོང་མི་ཏྲ་བརྒྱ་རྩའི་སྐབས་དང་འདྲའོ༎ ་༎ ་ གསུམ་པ་གངས་ཅན་མཁས་གྲུབ་ཡོངས་ཀྱི་གཙུག་ནོར་རྫོགས་པའི་སངས་རྒྱས་༧.རྗེ་བླ་མ་འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོ་ལ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་དང་། གྲུབ་པའི་སློབ་དཔོན་རྣམ་གསུམ་གྱིས་ཞལ་མངོན་སུམ་བསྟན་ཏེ་བྱིན་གྱིས་བརླབས་པར་བརྟེན་ནས་དགོངས་པ་ཡེ་ཤེས་ཀྱི་ཀློང་ནས་ཤར་བའི་རྗེ་བཙུན་མ་འཆི་མེད་ཡིད་བཞིན་འཁོར་ལོའི་དཀྱིལ་འཁོར་དུ་རྩ་བའི་ལས་བྱང་མ་བུ་དང་། བསྟན་གཉིས་གླིང་