R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 201
[A:201] པའི་དབང་ཆོག་གི་སྟེང་ནས་དབང་བསྐུར་མཐའ་དག་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྗེ་བཙུན་མ་འཕགས་མ་སྒྲོལ་མ། གྲུབ་པའི་སློབ་དཔོན་རྣམ་གསུམ། འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་པདྨ་འོད་གསལ་མདོ་སྔགས་གླིང་པའམ། འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོ། རྡོ་རྗེ་འཆང་ངག་དབང་ཡོན་ཏན་རྒྱ་མཚོའམ། ཨོ་རྒྱན་བསྟན་གཉིས་གླིང་པ། དེ་གཉིས་ཀས་བདག་བློ་གཏེར་དབང་པོར་ཐུགས་དགྱེས་བཞིན་དུ་སྩལ་ཏོ༎ ་༈་་༎ རྩ་བའི་ས་བཅད་གཉིས་པ་དབང་ལས་ཐོབ་པའི་ཡེ་ཤེས་ཀྱི་རྒྱུན་བསྐྱངས་ཤིང་གོང་ནས་གོང་དུ་འཕེལ་པས་འབྲས་བུའི་གོ་འཕང་ལ་སྦྱོར་བར་བྱེད་པའི་ཐབས་རིམ་པ་གཉིས་ཀྱི་ལམ་ཟབ་མོ་ཡན་ལག་དང་བཅས་པའི་ཁྲིད་ཀྱི་རིམ་པ་ལ། ཐོག་མར་དཔལ་ས་སྐྱ་པ་བརྩེ་བ་ཆེན་པོ་ཀུན་དགའ་སྙིང་པོ་ཞེས་ས་གསུམ་ན་སྙན་པར་གྲགས་པ་དེ་ཉིད་ལ་རྗེ་བཙུན་འཇམ་དབྱངས་མགོན་པོ་སེམས་དཔའ་གཉིས་དང་བཅས་པས་ཞལ་མངོན་དུ་གཟིགས་ནས་དངོས་སུ་སྩལ་བའི་བློ་སྦྱོང་ཞེན་པ་བཞི་བྲལ་གྱི་ཉམས་ཁྲིད། རྗེ་བཙུན་རིན་པོ་ཆེ། ས་སྐྱ་པཎྜི་ཏ། ནུབ་པ་རིག་འཛིན་གྲགས། ཀུན་དགའ་ལེགས་པ། ངག་དབང་ལེགས་གྲུབ་རྣམས་ཀྱི་ཡིག་སྟེང་ནས་སྦྱོར་བ་སྐྱབས་འགྲོ། དངོས་གཞི་ཚེ་འདི་ལ་སོགས་ཀྱི་དམིགས་རྐང་དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་འཁོར་བ་ལ་ཞེན་ན་སོགས་ཀྱི་དོན་འཁོར་བའི་ཉེས་དམིགས། ལས་རྒྱུ་འབྲས། བདག་དོན་ལ་ཞེན་ན་སོགས་ཀྱི་དོན་བྱམས་པ། སྙིང་རྗེ། བྱང་ཆུབ་ཀྱི་སེམས། དེ་ལ་སྤྱོད་པ་དང་བཅས་པ། འཛིན་པ་བྱུང་ན་སོགས་ཀྱི་དོན་ཞི་གནས། ལྷག་མཐོང་། ཟུང་འཇུག་བསྒོམས་པ་དང་བཅས་པ་ལེགས་