R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 203
[A:203] མའི་ལྟ་བའི་ཉམས་ཁྲིད་ཀྱི་རིམ་པ་འཇམ་དབྱངས་མཁྱེན་བརྩེའི་ཡིག་ཆ་བདུད་རྩིའི་སྙིང་པོའི་སྟེང་ནས་སྦྱོར་བ་ལྷག་མཐོང་གི་རྟེན་ཞི་གནས་བསྒོམ་པ། དངོས་གཞི་སྲོལ་གཉིས་ལས་བྱོན་པའི་ལྷག་མཐོང་བསྒོམ་ཚུལ། མཇུག་བརྟན་པ་ཐོབ་ནས་ཞི་ལྷག་ཟུང་འབྲེལ་དུ་ཉམས་སུ་ལེན་ཚུལ་སོགས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། བདག་མེད་མ། བིཪྺ་པ། ཤར་ཕྱོགས་ནག་པོ་པ། རྒྱལ་རིགས་ཌཱ་མ་རུ་པ། ཨ་ཝ་དྷཱུ་ཏི། ག་ཡ་དྷ་ར། འབྲོག་མི། སེ་མཁར་ཆུ་བ། ཞང་དགོན་ཆོས་འབར། ས་ཆེན། རྩེ་མོ། གྲགས་པ། ས་པཎ། འཕགས་པ། ཞང་དཀོན་མཆོག་དཔལ། ན་བཟའ་བྲག་ཕུག་པ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། གྲུབ་ཆེན་བུདྡྷ་ཤྲཱི། ངོར་ཆེན་ཀུན་དགའ་བཟང་པོ། སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན། རྡོ་རིང་པ། ཚར་ཆེན། ཀླུ་སྒྲུབ་རྒྱ་མཚོ། ངག་དབང་ཆོས་གྲགས། འཇམ་དབྱངས་ཀུན་དགའ་བསོད་ནམས། དེ་སྲས་བསོད་ནམས་དབང་ཕྱུག་མཁན་ཆེན་བསོད་ནམས་ལྷུན་གྲུབ། ས་ཆེན་ཀུན་དགའ་བློ་གྲོས། ཀུན་དགའ་མཁས་གྲུབ་དབང་པོ། བྱམས་པ་ཀུན་དགའ་བསྟན་འཛིན། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་ལའམ། ཡང་ན། ཀུན་དགའ་བསྟན་འཛིན་ནས། བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན། དེས་བདག་བློ་གཏེར་ལའོ༎ ་༎རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔལ་ལྡན་བིཪྺ་པས་ལེགས་པར་བཀྲལ་བའི་མཉམ་མེད་སྙིང་རྗེའི་བློ་སྦྱོང་གི་ཉམས་ཁྲིད། སྦྱོར་བ་སྐྱབས་སེམས། ལྷ་བསྒོམ་པ། སྤྱི་བོར་བླ་མ་བསྒོམ་པ། སྔོན་འགྲོ་སྙིང་རྗེའི་རྣལ་འབྱོར། རྩ་བ་རྒྱུའི་རྣལ་འབྱོར་ལ་ཀུན་རྫོབ་དང་དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་