R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 204
[A:204] པ། གོམས་ནས་ཡེ་ཤེས་ཆོས་སྐུའི་འབྲས་བུ་གྲུབ་ཚུལ་བཅས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྣལ་འབྱོར་གྱི་དབང་ཕྱུག་བིཪྺ་པ། ཌོམྦི་ཧེ་རུ་ཀ་རྗེ་བཙུན་མ་ཏི་པ། གྲུབ་ཐོབ་ཎི་སྐ་ལངྐ། རྗེ་བཙུན་ར་སཱི་ན་ཏ་པ། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ། བླ་མ་དམ་པ་གཞོན་ནུ་རྒྱལ་མཚན། རྡོ་རྗེ་འཛིན་པ་མ་ཏི་ཤྲཱི། བླ་མ་ཡེ་ཤེས་ཞབས། བཟང་པོ་དཔལ། བུདྡྷ་རཏྣ། ཀཱིརྟི་ཤྲཱི། ཛ་ཡ་བྷ་དྲ། པཱུརྞ་རཏྣ། གཞོན་ནུ་རྒྱལ་མཆོག་མུས་ཆེན་དཀོན་མཆོག་རྒྱལ་མཚན། མཁྱེན་རབ་ཆོས་རྗེ། ཀུན་མཁྱེན་ཤཱཀྱ་དོན་གྲུབ། ཆོས་རྗེ་ཀུན་དགའ་ལེགས་གྲུབ། ཤེའུ་ལོ་ཙཱ་བ་ཀུན་དགའ་ཆོས་གྲགས། ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་ཀུན་དགའ་ལེགས་འབྱུང་། ས་ཆེན་ཀུན་དགའ་བློ་གྲོས། ཀུན་དགའ་མཁས་གྲུབ་དབང་པོ། བྱམས་པ་ཀུན་དགའ་བསྟན་འཛིན། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་བློ་གཏེར་ལའོ༎ ་༎འཕགས་མཆོག་ཀླུ་སྒྲུབ་ཞབས་ཀྱིས་ལེགས་པར་བཀྲལ་བའི་དཔལ་གསང་བ་འདུས་པའི་རྫོགས་རིམ་རིམ་པ་ལྔ་པའི་དམར་ཁྲིད་ཟབ་མོ་ཀུན་མཁྱེན་བུའི་ཁྲིད་ཡིག་ཡིད་བཞིན་ནོར་བུའི་ཟ་མ་ཏོག་དང་། འཇམ་དབྱངས་མཁྱེན་བརྩེའི་ཡིད་བཞིན་ནོར་བུའི་ཟ་མ་ཏོག་ཁ་འབྱེད་པའི་ལྡེའུ་མིག་མ་བུ་སྦྱར་བའི་སྟེང་ནས་སྔོན་འགྲོ་དཔྱིད་ལས་དང་འདྲ་བར་སེམས་ཀྱི་བ་རྡར་ཤ་གཅོད་པ་ལ་སྐྱབས་སེམས། བླ་མའི་རྣལ་འབྱོར། མཎྜལ། རྡོར་སེམས་བསྒོམ་བཟླས་རྣམས་དང་། དངོས་གཞི་དབྱར་ལས་དང་འདྲ་བར་ལམ་ཟབ་མོའི་རྟེན་འབྲེལ་ཕུན་སུམ་ཚོགས་པ་ལ་སྔོན་འགྲོ་དབེན་པ་གསུམ། དངོས་གཞི་བདེན་པ་གཉིས།