[A:20]
རིག་འཛིན་བཟང་པོ། འགྱུར་མེད་མཐུ་སྟོབས་རྣམ་རྒྱལ། རྡོ་རྗེ་འཆང་ཆེན་པོ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་སོ། ཡང་ན། མཁན་ཆེན་ཞི་བ་འཚོ། རྒྱལ་པོ་དགེ་བ་དཔལ། ཇོ་བོ་ཨ་ཏི་ཤ་ནག་ཚོ་ཚུལ་ཁྲིམས་རྒྱལ་བ། རོང་པ་ཕྱག་སོར་བ་ཤེས་རབ་འབར་འཕན་ཡུལ་གོང་ཁ་པ། ཤངས་ཀྱི་རྒྱ་ཕུག་པ་ཅན། གཡག་སྡེའི་ཞང་ཡེ་ཤེས་རྒྱལ་མཚན། སློབ་དཔོན་དབང་ཕྱུག་རིན་ཆེན། དབུས་པ་སངས་རྒྱས་འབུམ། ཀུན་མཁྱེན་ཆོས་སྐུ་འོད་ཟེར། འཕགས་འོད་ཡོན་ཏན་རྒྱ་མཚོ། བུ་སྟོན་རིན་ཆེན་གྲུབ་མན་འདྲའོ། ཡང་ན། མཆིམས་ནམ་མཁའ་གྲགས་ནས། བླ་མ་མཁན་ཟི་པ། འཕགས་འོད་ཡོན་ཏན་རྒྱ་མཚོ། བུ་སྟོན་མན་འདྲའོ། དབང་གི་བརྒྱུད་པ་ནི་ཇོ་ལུགས་འདི་གཙོ་ཆེའོ༎ ་༎
དེ་བཞིན་གཤེགས་པའི་རིགས་ཀྱི་ཡུམ་སྲུང་བ་ལྷ་ལྔའི་གཟུངས་ལ་བརྟེན་ནས་ཛཻ་ཏཱ་རི་དགྲ་ལས་རྣམ་པར་རྒྱལ་བས་བཀྲལ་བའི་སྲུང་བ་ལྷ་ལྔ་གཙོ་བོར་བཞུགས་པའི་ལྷ་ལྔ་བཅུ་རྩ་དྲུག་གི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞྭ་ལུ་བློ་གསལ་བསྟན་སྐྱོང་གི་ཡིག་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས། ཕྱག་ན་རྡོ་རྗེ། ཛཻ་ཏཱ་རི་དགྲ་ལས་རྣམ་རྒྱལ། རྡོ་རྗེ་གདན་པ་ཆེ་བ་མྱ་ངན་མེད་པའི་དཔལ། ཆུང་བ་དོན་ཡོད་རྡོ་རྗེ། བ་རི་ལོ་ཙཱ་བ་རིན་ཆེན་གྲགས། དཔལ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། ཆོས་རྒྱལ་འཕགས་པ་བློ་གྲོས་རྒྱལ་མཚན། དགའ་ལྡན་པ་བཀྲ་ཤིས་དཔལ། བླ་མ་དཔལ་ལྡན་སེང་གེ་བུ་སྟོན་རིན་ཆེན་གྲུབ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། དེ་གཉིས་ཀ་ལས་སྐུ་ཞང་ནམ་མཁའ་མཆོག་གྲུབ། དཀའ་བཞི་པ་རིན་ཆེན་རྒྱལ་མཚན། རིན་ཆེན་མཁྱེན་རབ་མཆོག་གྲུབ། སྐུ་ཞང་