R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 21
[A:21] བསོད་ནམས་མཆོག་གྲུབ། བྱང་གླིང་པ་བཀྲ་ཤིས་རྒྱལ་མཚན། ཐར་གླིང་འོག་པ་བསོད་ནམས་དཔལ་འབྱོར། རི་ཕུག་དབུ་མཛད་རིན་ཆེན་རྒྱ་མཚོ། ཞྭ་ལུ་མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ། ཆེན་པོ་རིན་ཆེན་བཟང་པོ། ཁྲི་ཟུར་བཀྲ་ཤིས་དོན་གྲུབ། གོང་དཀར་བ་ཆོས་དབང་རྒྱ་མཚོ། ས་ཆེན་ཀུན་དགའ་བློ་གྲོས། ཐར་རྩེ་ནམ་མཁའ་འཆི་མེད། རྣམ་འདྲེན་ཀུན་དགའ་ཡེ་ཤེས། དེས་ཐར་རྩེ་བྱམས་པ་ཀུན་དགའ་བསྟན་འཛིན་དང་། རྡོར་འཛིན་དཔལ་ལྡན་ཕྲིན་ལས་གཉིས། གཉིས་ཀས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། འཁོར་ལོའི་མགོན་པོ་ཀུན་དགའ་འཇམ་དབྱངས། ཕྱི་མ་གཉིས་ཀས་བདག་བློ་གཏེར་ལའོ། ། ཡང་ན། རྫོགས་པའི་སངས་རྒྱས། ཕྱག་ན་རྡོ་རྗེ། དོན་ཡོད་རྡོ་རྗེ། བ་རི་ལོ་ཙཱ་བ་རིན་ཆེན་གྲགས། གཉེན་སྟོན་གྲགས་པ། གཉེན་རིན་ཆེན་ལྡན། ལྷ་སའི་གནས་བརྟན་དཀོན་མཆོག་སེང་གེ་སྲས་རྔོག་སྟོན་བྱང་ཆུབ་རྒྱལ་པོ། རྒྱལ་ཚ་ལུང་མང་པོ་ཆོས་ཀྱི་དབང་ཕྱུག་རོང་པ་ཤེར་སེར། འཕགས་འོད། བུ་སྟོན། ཐུགས་སྲས། ནམ་མཁའ་མཆོག་གྲུབ། རིན་ཆེན་རྒྱལ་མཚན། མཁྱེན་རབ་ཆོས་རྗེ། ཤཱཀྱ་དོན་གྲུབ། ཀུན་དགའ་ལེགས་གྲུབ། ཤེའུ་ལོ་ཙཱ་བ་རབ་མཛོསམཛེས་ཟླ་བ། མཆོག་ལེགས་རྡོ་རྗེ། བསྟན་འཛིན་བཟང་པོ། ངག་དབང་ལྷུན་གྲུབ། རྨོར་ཆེན། གནས་གསར་བ། ཀུན་བློ་མན་འདྲའོ། ཡང་ན། བྱང་གླིང་པ་བཀྲ་ཤིས་རྒྱལ་མཚན་ལས། རྗེ་དབང་ཕྱུག་རབ་བརྟན་གྱིས་ལན་བརྒྱར་གསན། དེ་ནས་འཇམ་དབྱངས་ཆོས་སྐྱོང་དབང་ཕྱུག་འཇམ་དབྱངས་བསོད་ནམས་རིན་ཆེན། ཆོས་ལུང་མཁན་ཆེན་དོན་ཡོད་རྒྱལ་མཚན། ས་ཆེན་ཀུན་དགའ་བློ་གྲོས། ཐར་རྩེ་ནམ་མཁའ་འཆི་མེད་མན་འདྲ། ཡང་ན། མཁྱེན་རབ་རིན་ཆེན་མཆོག་གྲུབ་ནས། རྡོ་རིང་ཀུན་དགའ་རྒྱལ་མཚན་