R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 211
[A:211] གསུམ་པའི་ཉམས་ཁྲིད་རྡོ་རྗེ་འཆང་མཁྱེན་བརྩེའི་དབང་པོའི་ཞབས་ཀྱི་བསྐྱེད་རྫོགས་ཤིན་ཏུ་བསྡུས་པ་བདེ་ཆེན་འདོད་འཇོ་དང་། གྲོལ་མཆོག་ཁྲིད་བརྒྱ། མཉམ་མེད་ཤར་ཙོང་ཁ་པ་ཆེན་པོའི་རྫོགས་རིམ་རྣལ་འབྱོར་ཆེན་པོའི་སྟེང་ནས་ཉལ། ལྡང་། ཁྲུས། ཚད་མེད། བླ་མའི་རྣལ་འབྱོར། བདག་བསྐྱེད། མཆོད་པ། བཟླས་པ་སྟེ་བརྒྱད། གནས་པའི་རིམ་པ་ལ་སྤྱི་བྱེ་བྲག་གི་སེམས་འཛིན། ལྡང་བའི་རིམ་པ་ལ། སྤྱོད་ལམ། གཏོར་མ། ཁ་ཟས་ཀྱི་རྣལ་འབྱོར་སོགས་དང་། རྫོགས་རིམ་ལ་རྡོ་རྗེ་སེམས་དཔའི་བསྡུ་བ། ཡི་གེ་བསྡུ་བ། ཐིག་ལེ་བསྡུ་བ། རྗེས་སྤྱོད་པ་ལ་བརྟེན་ནས་འབྲས་བུ་འགྲུབ་ཚུལ་སོགས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ངོར་ཆེན་ཡན་གོང་དབང་གི་སྐབས་ཀྱི་ས་ལུགས་བརྒྱུད་པ་ལྟར་ལ། དེ་ནས་མུས་ཆེན་དཀོན་མཆོག་རྒྱལ་མཚན། ཀུན་མཁྱེན་བསོད་ནམས་སེང་གེ་དཀོན་མཆོག་འཕེལ་བ། དཀོན་མཆོག་ལྷུན་གྲུབ། ནམ་མཁའ་དཔལ་བཟང་། རྩེ་གདོང་ཁྱི་ཆེན་ཀུན་དགའ་བསོད་ནམས། མཁན་ཆེན་ངག་དབང་ཆོས་གྲགས། འཇམ་མགོན་ཨ་མེས་ཞབས་ཀུན་དགའ་བསོད་ནམས། མུས་བཀྲ་ཤིས་ལྷུན་གྲུབ། མཁན་ཆེན་བཟང་པོ་རྒྱལ་མཚན། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། མཁས་གྲུབ་སངས་རྒྱས་རྒྱ་མཚོ། གནས་གསར་ཀུན་དགའ་ལེགས་པ། ས་ཆེན་ཀུན་དགའ་བློ་གྲོས། ཀུན་དགའ་མཁས་གྲུབ་དབང་པོ། བྱམས་པ་ཀུན་དགའ་བསྟན་འཛིན། ཀུན་གཟིགས་མཁྱེན་བརྩེའི་དབང་པོ། དེས་བདག་བློ་གཏེར་ལའོ། །ཡང་དགེ་ཕྱོགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། ས་ར་ཧ། ཀླུ་སྒྲུབ། ཤ་བ་རཱི་པ། ལཱུ་ཧི་པ། དཱ་རི་ཀ་པ། དྲིལ་བུ་པ། རུས་སྦལ་ཞབས། ཛཱ་ལནྡྷ་ར། ནག་པོ་སྤྱོད་པ། གུ་ཧྱེ་པ།