R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 212
[A:212] རྣམ་རྒྱལ་ཞབས། ཏཻ་ལོ་པ། ནཱ་རོ་པ། ཕམ་མཐིང་པ་སྐུ་མཆེད། ཀློག་སྐྱ་ཤེས་རབ་བརྩེགས། མལ་ལོ་བློ་གྲོས་གྲགས། ས་ཆེན། རྩེ་མོ། གྲགས་རྒྱལ། ས་པཎ། བསོད་ནམས་སེང་གེ་།མཁས་བཙུན་སངས་རྒྱས་འབུམ། ལོ་ཙཱ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེང་གེ་།བུ་སྟོན་རིན་ཆེན་གྲུབ། ཁྱུང་ལྷས་པ་གཞོན་ནུ་བསོད་ནམས། རྗེ་འཇམ་དཔལ་སྙིང་པོ། མཁས་གྲུབ་སྨྲ་བའི་ཉི་མ། བ་སོ་ཆོས་ཀྱི་རྒྱལ་མཚན། གྲུབ་ཆེན་ཆོས་ཀྱི་རྡོ་རྗེ། དབེན་ས་པ་བློ་བཟང་དོན་གྲུབ། མཁས་གྲུབ་སངས་རྒྱས་ཡེ་ཤེས། བློ་བཟང་ཆོས་རྒྱན། སྔགས་ཆེན་དཀོན་མཆོག་རྒྱལ་མཚན། ལྕང་སྐྱ་བློ་བཟང་ཆོས་ལྡན། རྗེ་ངག་དབང་བརྩོན་འགྲུས། འཇམ་དབྱངས་བདེ་བའི་རྡོ་རྗེ། རྗེ་བཙུན་ངག་དབྱངས་བྱམས་པ། ཀློང་རྡོལ་ངག་དབང་བློ་བཟང་། ཡོངས་འཛིན་ངག་དབང་ཆོས་འཕེལ། འཇམ་མགོན་བྱམས་པ་ཕུན་ཚོགས། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་བརྒྱུད་པ་གཉིས་འདུས་སུ་གྱུར། དེས་བདག་ལའོ། །ཡང་ན་གྲོལ་མཆོག་གི་ཡིག་སྟེང་ནས་རྗེ་ངག་དབང་ཡོན་ཏན་རྒྱ་མཚོ་ལས་ཐོབ་པའི་བརྒྱུད་པ་ནི་ཁྲིད་བརྒྱ་ལྟར་རོ༎ ་༎འཕགས་ཡུལ་གྲུབ་བརྒྱའི་དེད་དཔོན་སློབ་དཔོན་ནག་པོའི་ཞབས་ཀྱིས་ལེགས་པར་བཀྲལ་བའི་དཔལ་འཁོར་ལོ་བདེ་མཆོག་གི་རྫོགས་རིམ་རིམ་པ་བཞི་པའི་ཉམས་ཁྲིད་རྗེ་འཇམ་དབྱངས་མཁྱེན་བརྩེའི་བསྐྱེད་རྫོགས་མདོར་བསྡུས་བདེ་ཆེན་སྙིང་པོ་དང་། གྲོལ་མཆོག་ཁྲིད་བརྒྱའི་ཡིག་སྟེང་ནས་སྔོན་འགྲོ་སྐྱབས་སེམས། རྡོར་སེམས། དགའ་བ་གསུམ། ཚོགས་གསག་རྟེན་དང་བརྟེན་པའི་བསྐྱེད་རིམ་དང་། རྫོགས་རིམ་ལ་སྔོན་འགྲོ། བླ་མའི་རྣལ་འབྱོར། དངོས་གཞི་ལ་ཤེས་བརྒྱུད་ཀྱི་རིམ་པ། ཉམས་ལེན་སྔགས་ཀྱི་རིམ་པ། སྐྱེ་བ་ཡེ་ཤེས་ཀྱི་རིམ་པ། འབྲས་བུ་གསང་བའི་རིམ་པ་སོགས་ལེགས་པར་ཐོབ་