R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 27
[A:27] སངས་རྒྱས་ཕུན་ཚོགས། དེས་ཚུལ་ཁྲིམས་ལྷུན་གྲུབ་དང་། བསོད་ནམས་དཔལ་ལྡན་གཉིས། གཉིས་ཀས་ཐར་རྩེ་ནམ་མཁའ་བསམ་འགྲུབ། ས་ཆེན་ཀུན་དགའ་བློ་གྲོས། བྱམས་པ་ནམ་མཁའ་འཆི་མེད། བྱམས་པ་ཀུན་དགའ་བསྟན་འཛིན། དཔོན་སློབ་ཤེས་རབ་རྒྱ་མཚོ། དེས་བདག་བློ་གཏར་ལའོ། ། ཡང་ན། དཀོན་མཆོག་འཕེལ་ནས། སངས་རྒྱས་རིན་ཆེན། ས་ལོ་ཀུན་དགའ་བསོད་ནམས། སྔགས་འཆང་ཀུན་དགའ་རིན་ཆེན། དེ་སྲས་བསོད་ནམས་དབང་པོ། གྲགས་པ་བློ་གྲོས་མཆེད། དེ་སྲས་ཨ་མེས་ཞབས་ཀུན་དགའ་བསོད་ནམས། དེ་སྲས་བསོད་ནམས་དབང་ཕྱུག་དེ་སྲས་ཀུན་དགའ་བཀྲ་ཤིས། དེ་སྲས་བསོད་ནམས་རིན་ཆེན། དེ་སྲས་ཀུན་དགའ་བློ་གྲོས། དེ་སྲས་དབང་སྡུད་སྙིང་པོའམ་དཔལ་ལྡན་ཆོས་སྐྱོང་། ཡོངས་འཛིན་ཀུན་དགའ་བཀྲ་ཤིས། དབང་སྡུད་སྙིང་པོའི་སྲས་ཀུན་དགའ་རིན་ཆེན། དེ་གཉིས་ཀས་ངག་དབང་ཀུན་དགའ་བཀྲ་ཤིས་སམ་པདྨ་བདུད་འདུལ་དབང་ཕྱུག་མཆེད། དེས་སྔ་མའི་སྲས་ངག་དབང་ཀུན་དགའ་བསོད་ནམས་དང་། རི་ཁུག་དབོན་པོ་བྱམས་པ་ཀུན་དགའ་བསྟན་སྐྱོང་དང་། རི་ཁུག་སྤྲུལ་སྐུ་བྱམས་པ་ཀུན་དགའ་བསྟན་པའི་ཉི་མ་གསུམ། གསུམ་གས་རྗེ་བྱམས་པ་ཀུན་དགའ་ལྷུན་གྲུབ། དེས་ཐུབ་བསྟན་ལེགས་བཤད་བཟང་པོ། དེས་སོ། ། ཡང་ན། ཀུན་དགའ་རིན་ཆེན་སྲས་ངག་དབང་རྡོ་རྗེ་རིན་ཆེན། དེའི་ལྕེ་རྗེ་བཙུན་མ་སྐལ་བཟང་ཆོས་ཀྱི་ཉི་མ། ཐུབ་བསྟན་ལེགས་བཤད་བཟང་པོ། དེས་སོ། ཡང་ན། ཐར་པཎ་ནམ་མཁའ་དཔལ་བཟང་ནས། སྒྲུབ་ཁང་དཔལ་ལྡན་དོན་གྲུབ། མགོན་པོ་བསོད་ནམས་མཆོག་ལྡན། ལྔ་པ་བློ་བཟང་རྒྱ་མཚོ། རྗེ་བཟང་པོ་སྦྱིན་པ། རྗེ་བློ་བཟང་རིན་ཆེན། ཁྲི་ཆེན་ངག་དབང་མཆོག་ལྡན། རྒྱལ་བ་སྐལ་བཟང་