[A:26]
རྣམ་རྒྱལ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། འཇམ་དབྱངས་ནམ་མཁའ་རྒྱལ་མཚན། དེས་སོ༎ ་༎
་
པདྨའི་རིགས་ཀྱི་ནང་ཚན་མཚན་བརྒྱ་རྩ་བརྒྱད་པའི་གཟུངས་དང་ཚེ་མདོ་ཨོཾ་གཉིས་མ་ལ་བརྟེན་ནས་སློབ་དཔོན་ཛཻ་ཏཱ་རི་དགྲ་ལས་རྣམ་པར་རྒྱལ་བས་བཀྲལ་བའི་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་དཀོན་མཆོག་ལྷུན་གྲུབ་ཀྱི་སྒྲུབ་དཀྱིལ་དང་། ཞུ་ཆེན་གྱི་མཚམས་སྦྱོར་བཅས་པའི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། རྒྱལ་བ་ཚེ་དཔག་མེད་མགོན། སློབ་དཔོན་སྙིང་པོའི་ཞབས། ཛཻ་ཏཱ་རི་སྟེ་དགྲ་ལས་རྣམ་རྒྱལ། སློབ་དཔོན་བྱང་ཆུབ་བཟང་པོ། སློབ་དཔོན་ཏིང་འཛིན་བཟང་པོ། རྡོ་རྗེ་གདན་པ་ཆེ་ཆུང་གཉིས། བ་རི་ལོ་ཙཱ་བ་རིན་ཆེན་གྲགས། ས་ཆེན་ཀུན་དགའ་སྙིང་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ། ཤར་པ་རྡོ་རྗེ་འོད་ཟེར། བླ་མ་བཀྲ་ཤིས་འོད། ཨེ་པ་འཁོན་སྟོན་ཐུགས་རྗེ་རིན་ཆེན། འཇམ་དབྱངས་རིན་ཆེན་རྒྱལ་མཚན། བྱང་སེམས་རྒྱལ་བ་ཡེ་ཤེས། སྤང་ཁང་པ་གྲགས་པ་དཔལ། སྤྲོ་ལུང་པ་ཀུན་དགའ་སྨོན་ལམ། བྲག་ཕུག་པ་བསོད་ནམས་དཔལ། མཚུངས་མེད་བློ་གྲོས་བརྟན་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་ཀུན་དགའ་བཟང་པོ། མུས་ཆེན་དཀོན་མཆོག་རྒྱལ་མཚན། གཉིས་ཀས་རྒྱལ་ཚབ་ཀུན་དགའ་དབང་ཕྱུག་དཀོན་མཆོག་འཕེལ། ལྷ་མཆོག་སེང་གེ་སངས་རྒྱས་སེང་གེ་ཐར་པཎ་ནམ་མཁའ་དཔལ་བཟང་། རྩེ་གདོང་ཀུན་དགའ་བསོད་ནམས་ལྷུན་གྲུབ། དེ་གཉིས་ཀས་ནམ་མཁའ་སངས་རྒྱས། དེས་ཧོར་ནམ་མཁའ་དཔལ་བཟང་དང་། ཐར་རྩེ་ནམ་མཁའ་རིན་ཆེན་གཉིས། གཉིས་ཀས་ཤེས་རབ་རྒྱ་མཚོ། དེ་གཉིས་ཀས་མཁན་ཆེན་