R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 29
[A:29] ཐོབ་པའི་བརྒྱུད་པ་ནི། བ་རི་ལོ་ཙཱ་ཡན་ཚེ་དཔག་མེད་ལྷ་དགུ་ལྟར་ལ། དེ་ནས། མཆིམས་བརྩོན་འགྲུས་སེང་གེ་རྒྱ་སྟོན་ཞང་ཕུག་པ། འཇད་པ་ཤེས་རབ་རིན་ཆེན། ཨེ་པ་འཁོན་སྟོན། ཤར་པ་འཇམ་དབྱངས། གཞི་ཐོག་པ་རིན་ཆེན་རྒྱལ་མཚན་བྱང་སེམས་རྒྱལ་བ་ཡེ་ཤེས། སྤང་ཁང་པ་གྲགས་པ་དཔལ། སྣུར་ཆོས་འཕགས་རྒྱལ་མཚན། ཡང་རྩེ་བ་རིན་ཆེན་སེང་གེ་བུ་སྟོན་རིན་ཆེན་གྲུབ། རིན་ཆེན་རྣམ་རྒྱལ། གཉིས་ཀས་སྐུ་ཞང་ནམ་མཁའ་མཆོག་གྲུབ། ཆོས་རྗེ་རིན་ཆེན་དཔལ་གྲུབ། མཁྱེན་རབ་རིན་ཆེན་མཆོག་གྲུབ། རིན་ཆེན་བསོད་ནམས་མཆོག་གྲུབ། ལོ་ཆེན་ཆོས་སྐྱོང་བཟང་པོ། ས་ལོ་ཀུན་དགའ་བསོད་ནམས། དཀོན་མཆོག་ལྷུན་གྲུབ། དབོན་དཀོན་མཆོག་དཔལ་ལྡན། ཐར་རྩེ་ནམ་མཁའ་དཔལ་བཟང་། སྔགས་འཆང་གྲགས་པ་བློ་གྲོས། ཨ་མེས་ཞབས་འཇམ་དབྱངས་ཀུན་དགའ་བསོད་ནམས། ཤར་པ་ཡེ་ཤེས་བཟང་པོ། འཇམ་དབྱངས་སངས་རྒྱས་ཕུན་ཚོགས། ཤར་ཆེན་བློ་གྲོས་གྲགས་པ། ཐར་རྩེ་ནམ་མཁའ་བསམ་འགྲུབ། ངག་དབང་ཀུན་དགའ་བློ་གྲོས། བྱམས་པ་ནམ་མཁའ་འཆི་མེད། བྱམས་པ་ཀུན་དགའ་བསྟན་འཛིན། འཇམ་དབྱངས་ནམ་མཁའ་རྒྱལ་མཚན། དེས་བདག་བློ་གཏེར་ལའོ༎ ་༎པདྨའི་རིགས་ཀྱི་གཙོ་བོ་འཆི་མེད་རྔ་སྒྲའི་གཟུངས་ལ་བརྟེན་ནས་སློབ་དཔོན་སྙིང་པོའི་ཞབས་ཀྱིས་བཀྲལ་བའི་བཅོམ་ལྡན་འདས་འཆི་མེད་མགོན་པོ་ལྷ་བཅུ་བདུན་མའི་དཀྱིལ་འཁོར་དུ་དབང་བསྐུར་བ་རྗེ་གྲོལ་མཆོག་ཞབས་ཀྱི་སྒྲུབ་དཀྱིལ་གྱི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། རིན་ཆེན་བསོད་ནམས་མཆོག་གྲུབ་ཡན་རྔ་སྒྲ་ལྷ་དགུ་ལྟར་ལ། དེ་ནས། འབྲོག་ཁང་པ་དོན་གྲུབ་རྒྱལ་མཚན། རིན་ཆེན་རྒྱ་མཚོ། བྱང་གླིང་པ་རིན་ཆེན་བཀྲ་ཤིས་རྒྱལ་མཚན། བླ་མ་དཔལ་