[A:30]
ལྡན་ཆོས་བཟང་། རྗེ་བཙུན་ཏཱ་ར་ཊཱ་ཐ། རྒྱལ་ཚབ་ཡེ་ཤེས་རྒྱ་མཚོ། རིན་ཆེན་རྒྱ་མཚོ། བློ་གྲོས་རྣམ་རྒྱལ། ངག་དབང་ཕྲིན་ལས། ཀུན་བཟང་དབང་པོ། རིག་འཛིན་ཚེ་དབང་ནོར་བུ། སི་ཏུ་ཆོས་ཀྱི་འབྱུང་གནས། ཀརྨ་ཚེ་དབང་ཀུན་ཁྱབ། མཆོག་སྤྲུལ་ཀརྨ་རིན་ཆེན། ཀརྨ་འོད་གསལ་འགྱུར་མེད། རྡོ་རྗེ་འཆང་ངག་དབང་ཡོན་ཏན་རྒྱ་མཚོ། དེས་བདག་བློ་གཏེར་ལའོ༎ ་༎པདྨའི་རིགས་ཀྱི་བདག་པོ་དོན་ཡོད་ཞགས་པའི་རྒྱུད་ལ་བརྟེན་ནས་སློབ་དཔོན་ཨི་ར་བ་ཏིས་བཀྲལ་བ་འདོན་ཡོད་ཞགས་པ་ལྷ་ཉེར་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཀུན་མཁྱེན་བུ་སྟོན་རིན་པོ་ཆེའི་དཀྱིལ་ཆོག་བྱང་གླིང་པའི་ལྷན་ཐབས། བློ་གསལ་ཞབས་ཀྱི་དབང་ཆོག་བཅས་པའི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་ཆེན། ཇོ་བོ་སྤྱན་རས་གཟིགས། སློབ་དཔོན་ཨེ་ར་བ་ཏི། ལྷོ་ཕྱོགས་རིགས་ངན་གྱི་རྣལ་འབྱོར་པ། རྡོ་རྗེ་གདན་པ་དོན་ཡོད་རྡོ་རྗེ། བ་རི་ལོ་ཙཱ་བ་རིན་ཆེན་གྲགས། དེས་བླ་མ་ལྷོ་པ། མཁན་པོ་ཐང་པ། སྣུར་ཆོས་འཕགས་གསུམ་ལ་གནང་། གསུམ་གས་ཉི་ཕུག་པ་ཆོས་གྲགས། གྲང་ཕོ་ལུང་པ་གྲགས་པ་ཚུལ་ཁྲིམས། སློབ་དཔོན་ཚུལ་ཁྲིམས་གྲགས་པ། ཀུན་རབ་བསོད་ནམས་རྒྱལ་མཚན་མགོན། སློབ་དཔོན་བསོད་ནམས་གྲུབ་པ། སློབ་དཔོན་ཀུན་དགའ་ཚུལ་ཁྲིམས། ཆོས་ལུང་བྱང་སེམས་བསོད་ནམས་གྲགས་པ། བུ་སྟོན་རིན་ཆེན་གྲུབ། སློབ་དཔོན་གཞོན་ནུ་འབུམ། མཚམས་པ་རིན་ཆེན་རྒྱལ་མཚན། ཀུན་མཁྱེན་བསོད་ནམས་འཕེལ་བ། ཤར་ཆེན་ཡེ་ཤེས་རྒྱལ་མཚན། མཁྱེན་རབ་ཆོས་རྗེ། འབྲོག་ཁང་པ་དོན་གྲུབ་རྒྱལ་མཚན། བྱང་གླིང་པ་བཀྲ་ཤིས་རྒྱལ་མཚན། རྗེ་དཔལ་ལྡན་ཆོས་བཟང་། ལྷ་བོ་རིན་ཆེན་རྒྱ་མཚོ། ཞྭ་ལུ་བསོད་ནམས་མཆོག་གྲུབ། དཀར་པོ་ཆོས་རྗེ་ཀླུ་སྒྲུབ་རྒྱལ་མཚན། བྱང་གླིང་པ་སྨོན་ལམ་ལྷུན་གྲུབ་