[A:32]
སཱ་ལི་ཆེ་བ་རིན་ཆེན་བཟང་པོ། ཆུང་བ་རིན་ཆེན་འོད་ཟེར། དཔལ་ལྡན་ཨ་ཏི་ཤ་འབྲོམ་སྟོན་པ། སྤྱན་སྔ་པ་ཚུལ་ཁྲིམས་འབར། བྱ་ཡུལ་བ་གཞོན་ནུ་འོད། བཤེས་གཉེན་མུས་སྨན་པ། ཕྱར་ཆེན་པ། དཔལ་ལྡན་གྲོ་མོ་ཆེ་བདུད་རྩི་གྲགས། སྟག་ལོ་ཤེས་རབ་འོད་ཟེར། རྒྱ་སྟོན་བསོད་ནམས་འོད་ཟེར། དམར་སྟོན་བསོད་ནམས་འཕེལ། མཁན་ཆེན་གྲགས་པ་འབུམ། དོན་མོ་རི་པ་སངས་རྒྱས་རིན་ཆེན། མཁན་ཆེན་གྲགས་པ་ཚུལ་ཁྲིམས། མཁན་རྒྱལ་བ་བཟང་པོ། མཁས་བཙུན་བྱང་ཆུབ་སེང་གེ་འཕགས་པ་གཞོན་ནུ་བློ་གྲོས། ངོར་ཆེན་རྡོ་རྗེ་འཆང་། མུས་ཆེན་དཀོན་མཆོག་རྒྱལ་མཚན། རིན་ཆེན་མཁྱེན་རབ་མཆོག་གྲུབ། ཀུན་མཁྱེན་ཤཱཀྱ་དོན་གྲུབ། དབོན་ཀུན་དགའ་ལེགས་གྲུབ། ཤེའུ་ལོ་ཙཱ་བ་ཀུན་དགའ་ཆོས་གྲགས། ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། དེའི་དབོན་མཁྱེན་བརྩེ་རབ་བརྟན། མཆོད་དཔོན་ཀུན་དགའ་རབ་བརྟན། ལྷོ་དྲུང་ཀུན་དགའ་རིན་ཆེན། ཆོས་རྗེ་ཚུལ་ཁྲིམས་དབང་ཕྱུག་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན། ཞུ་དབོན་དགེ་ལེགས་ལྷུན་གྲུབ། རྗེ་དཔལ་ལྡན་ཕྲིན་ལས། བླ་མ་དགེ་འདུན་རྒྱ་མཚོ། བྱམས་པ་ཀུན་དགའ་བསྟན་འཛིན། ཐར་རྩེ་ཞབས་དྲུང་འཇམ་དབྱངས་ནམ་མཁའ་རྒྱལ་མཚན། དེས་བདག་བློ་གཏེར་ལའོ། །ཡང་ན། གྲགས་པ་ཚུལ་ཁྲིམས་ནས། ནམ་མཁའ་འོད་ཟེར། དུས་ཞབས་པ་ཀུན་དགའ་དོན་གྲུབ། སྤྱན་སྔ་བ་བསོད་ནམས་ལྷ་དབང་། སྤྱན་སྔ་བ་བག་དབང་ཆོས་གྲགས། ཤེའུ་ལོ་ཙཱ་བ་ཀུན་དགའ་ཆོས་གྲགས་མན་འདྲའོ༎ ་༎རྡོ་རྗེའི་རིགས་ཀྱི་གཙོ་བོ་འཕགས་པ་ལས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བའི་གཟུངས་ལ་བརྟེན་ནས་ཛཻ་ཏཱ་རི་དགྲ་ལས་རྣམ་པར་རྒྱལ་བས་བཀྲལ་བའི་རྡོ་རྗེ་མི་འཁྲུགས་པ་ལྷ་དགུའི་དཀྱིལ་