[A:31]
བྱང་གླིང་པ་རིན་ཆེན་བརྩོན་འགྲུས། འཇམ་དཔལ་ཆོས་མཆོག་རྗེ་གསུང་རབ་རྒྱ་མཚོ། རྗེ་བྱམས་པ་ཆོས་འཕེལ། བྱང་གླིང་པ་ཡེ་ཤེས་དཔལ་འབྱོར། ཞྭ་ལུ་བློ་གསལ་བསྟན་སྐྱོང་། རྗེ་མཁྱེན་བརྩེའི་དབང་པོ། རྗེ་ཀུན་དགའ་འཇམ་དབྱངས། དེས་བདག་བློ་གཏེར་ལའོ། ཡང་ན། གྲགས་པ་ཚུལ་ཁྲིམས་ནས། དཀོན་མཆོག་གྲགས་པ། འཇམ་དབྱངས་རྒྱལ་མཚན། མཁན་ཆེན་ཀླུ་སྒྲུབ། གྲགས་པ་གཞོན་ནུ། ཆོས་ལུང་བྱང་སེམས་བསོད་ནམས་གྲགས་པ་མན་འདྲ། ཡང་ན། གསུང་རབ་རྒྱ་མཚོ་ནས། དགེ་འདུན་ཚངས་དབྱངས། ལེགས་བཤད་ཆོས་འཕེལ། རིན་ཆེན་ལྷུན་གྲུབ། བློ་གསལ་བསྟན་སྐྱོང་མན་འདྲ། ཡང་ན། སྤྱན་རས་གཟིགས། ཤཱི་ལ་ཀ་ར། བཻ་རོ་ཙ་ན་ར་ཀྵི་ཏ། བ་རི་རིན་ཆེན་གྲགས་མན་འདྲ། ཡང་ན། སྤྱན་རས་གཟིགས། དྷརྨ་ཀ་པཱ་ལ། མ་ཧཱ་པུ་ཎྱཻ། དོན་ཡོད་རྡོ་རྗེ། བ་རི་ལོ་ཙཱ་མན་འདྲ། ཡང་ན། སྤྱན་རས་གཟིགས། སྐལ་ལྡན་བྱང་སེམས། པཎྜི་ཏ་ཤྲཱི་དྷ་ན། བྱང་སེམས་ཟླ་བ་རྒྱལ་མཚན། ཉི་ཕུག་པ་ཆོས་ཀྱི་གྲགས་པ། གྲགས་པ་ཚུལ་ཁྲིམས། འགྲོ་བའི་མགོན་པོ། མཆིམས་སྟོན་ཆེན་པོ། བསོད་ནམས་ཡེ་ཤེས། གྲགས་པ་གཞོན་ནུ། བསོད་ནམས་གྲགས་པ། གཉིས་ཀས་བུ་སྟོན་མན་འདྲའོ༎ ་༎པདྨའི་རིགས་ཀྱི་བདག་པོ་འཕགས་པ་འཇིག་རྟེན་དབང་ཕྱུག་གི་གཟུངས་ལ་བརྟེན་ནས་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་བཀྲལ་བའི་སྤྱན་རས་གཟིགས་བཅུ་གཅིག་ཞལ་ལྷ་སོ་བདུན་མའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཀུན་མཁྱེན་བསོད་ནམས་སེང་གེའི་སྒྲུབ་དཀྱིལ་གྱི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས། འཕགས་པ་སྤྱན་རས་གཟིགས། འཕགས་པ་ཀླུ་སྒྲུབ། འཕགས་པ་ལྷ། ཟླ་བ་གྲགས་པ། རིག་པའི་ཁུ་བྱུག་ཨ་ཝ་དྷཱུ་ཏི་པ། ཀུ་