R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 34
[A:34] འཆང་། འཇམ་དཔལ། ཛཻ་ཏཱ་རི། ཡེ་ཤེས་རྡོ་རྗེ། ལོ་ཆུང་གྲགས་འབྱོར་ཤེས་རབ། ས་སྐྱ་གོང་མ་རྣམ་ལྔ་མན་འདྲ། ཡང་ན། དཀོན་མཆོག་འཕེལ་ནས། ཀུན་དགའ་མཆོག་ལྡན། ལྷ་མཆོག་སེང་གེ་གཉིས་ཀས་སངས་རྒྱས་སེང་གེ། ནམ་མཁའ་དཔལ་བཟང་། རཏྣཱ་རྠ་སིདྷ་ཤར་པ་ཤེས་རབ་འབྱུང་གནས་མན་འདྲའོ༎ ་༎འཕགས་པ་ལས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བའི་གཟུངས་ལ་བརྟེན་ནས་མཉམ་མེད་ཇོ་བོ་ཆེན་པོའི་བཀའ་སྲོལ་ལས་བྱུང་བའི་བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པ་མཆོག་གི་སྤྲུལ་སྐུ་གཙོ་བོར་བཞུགས་པའི་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་རྗེ་དབང་ཕྱུག་རྡོ་རྗེའམ་ཆོས་དབང་ཕྱུག་གི་ཡིག་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། ཐུབ་པའི་དབང་པོ། ཀུན་དགའ་བོ། ་་་་འདི་ལ་འཇམ་དཔལ་ཡོད་པའང་འདུག་ཀླུ་སྒྲུབ། ཨཱ་ཪྻ་དེ་ཝ། ཨ་ཝ་དྷཱུ་ཏི་པ། ཨ་བྷྱཱ་ཀ་ར། གསེང་གླིང་པ་ཆོས་ཀྱི་གྲགས་པ། ཇོ་བོ་རྗེ། འབྲོམ་སྟོན་པ། པོ་ཏོ་བ་རིན་ཆེན་གསལ། ཤར་བ་ཡོན་ཏན་གྲགས། རྒྱ་ཡེ་ཤེས་སྒོམ་པ། གྲུབ་ཐོབ་ཧཱུ་འབར། ཞང་དགེ་སློང་། དཀོན་མཆོག་ཡེ་ཤེས། བླ་མ་འཁུན་སྟོན། རོང་པ་དཀོན་མཆོག་འབར། གཡག་སྡེ་དབང་ཕྱུག་རིན་ཆེན། ཤཱཀྱ་རྡོ་རྗེ་དབུས་པ་སངས་རྒྱས་འབུམ། བླ་མ་ཆོས་འོད། འཕགས་འོད་ཡོན་ཏན་རྒྱ་མཚོ། བུ་སྟོན་རིན་ཆེན་གྲུབ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། ཞྭ་ལུ་ཟླ་བ་དཔལ། རྗེ་མཐོང་བ་དོན་ལྡན། བན་སྒར་འཇམ་དཔལ་བཟང་པོ། རྗེ་ཆོས་གྲགས་རྒྱ་མཚོ། སངས་རྒྱས་གཉན་པ་གྲུབ་ཆེན། ཀརྨ་ཕྲིན་ལས་མི་བསྐྱོད་རྡོ་རྗེ། དཀོན་མཆོག་ཡན་ལག་དབང་ཕྱུག་རྡོ་རྗེ། ཆོས་ཀྱི་དབང་ཕྱུག་ཀརྨ་ཉི་མ། ཀརྨ་ཕྲིན་ལས། ཀུ་ཤྲཱི་དོན་ཡོད་སྙིང་པོ། ཆོས་ཀྱི་དོན་གྲུབ། སི་ཏུ་བསྟན་པའི་ཉིན་བྱེད། རྗེ་བདུད་འདུལ་རྡོ་རྗེ། སི་ཏུ་པདྨ་ཉིན་བྱེད། ངག་དབང་ཡོན་ཉན་རྒྱ་མཚོ། ཐུབ་བསྟན་ལེགས་