R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 35
[A:35] བཤད་བཟང་པོ། དེས་བདག་བླ་གཏེར་ལའོ༎ ་༎རྡོ་རྗེའི་རིགས་ཀྱི་ཁྲོ་བོ་རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ལ་བརྟེན་ནས་སློབ་དཔོན་ས་ཝཱ་རི་པས་བཀྲལ་བའི་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་དཀར་པོ་ལྷ་བཅུ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞྭ་ལུ་པའི་ཡིག་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། མཁའ་འགྲོ་མ་སེང་གེའི་གདོང་ཅན། གྲུབ་ཆེན་ས་ཝཱ་རི་པ། གྲུབ་ཆེན་ཛ་ཝཱ་རི་པ། པཎྜི་ཏ་དེ་བ་པུ་ཏྱཻ་མ་ཏི། མགར་ལོ་ཙཱ་བ་ཆོས་བཟང་། གཤིས་སྟོན་རིན་ཆེན་གྲུབ། དམར་སྟོན་ཆོས་ཀྱི་རྒྱལ་མཚན། སྒང་སྟོན་ཤེས་རབ་བླ་མ། སྒང་སྟོན་ཤེས་རབ་འབུམ། གྲགས་པ་རྡོ་རྗེ། དར་མ་བྱང་ཆུབ། ཡང་རྩེ་བ་རིན་ཆེན་སེང་གེ་ཀུན་མཁྱེན་བུ་སྟོན། རིན་ཆེན་རྣམ་རྒྱལ། འཇམ་དབྱངས་གྲགས་པ་རྒྱལ་མཚན། མཁས་གྲུབ་བསོད་ནམས་ཆོས་འཕེལ། བྱང་སེམས་རིན་ཆེན་ཆོས་དཔལ། མཁན་ཆེན་རིག་འཛིན་རྒྱལ་པོ། བླ་ཆེན་ཆོས་ཀྱི་རྒྱལ་མཚན། ཆོས་རྗེ་བསོད་ནམས་དཔལ་འབྱོར། བྱང་གླིང་བཀྲ་ཤིས་རྒྱལ་མཚན། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་ཁྱབ་བདག་དབང་ཕྱུག་རབ་བརྟན། རིན་ཆེན་བསོད་ནམས་མཆོག་གྲུབ། ཆེན་པོ་བསོད་ནམས་རྒྱ་མཚོ། དགེ་སློང་འཇམ་དཔལ་བློ་འཕེལ། མཚུངས་མེད་འཇམ་དབྱངས་ཆོས་མཆོག་གྲུབ་དབང་བྱམས་པ་རྒྱལ་པོ། རྗེ་གསུང་རབ་རྒྱ་མཚོ། བྱང་གླིང་བྱམས་པ་ཆོས་འཕེལ། གྲུབ་དབང་ཡེ་ཤེས་དཔལ་འབྱོར། རིན་ཆེན་བློ་གསལ་བརྟན་སྐྱོང་། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་བློ་གཏེར་ལའོ། །ཡང་ན། བྱང་གླིང་བཀྲ་ཤིས་རྒྱལ་མཚན་ནས། མུས་ཆེན་ནམ་མཁའ་དཔལ་བཟང་། མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ་