[A:37]
སློབ་དཔོན་སངས་རྒྱས་གསང་བ་དང་ཁ་ཆེན་ཛྙཱ་ན་ཤྲཱི་ནས་བརྒྱུད་དེ་གྲུབ་ཆེན་ལས་ཀྱི་རྡོ་རྗེ་སོགས་ཀྱིས་དར་རྒྱས་སུ་མཛད་པའི་སྣོར་ལུགས་རྡོ་རྗེ་རྣམ་པར་འཇོམས་པ་མཐིང་ནག་རྡོ་རྗེ་ཕོ་ཉ་མོ་དྲུག་ཅུ་རྩ་བཞི་དང་བཅས་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལྷོ་བྲག་གྲུབ་ཆེན་གྱི་ཡིག་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། བྱམས་པ། གངྒཱ་དྷ་ར། སངས་རྒྱས་གསང་བ། ས་མནྟ་བྷ
་
་དྲ། ཁ་ཆེ་ཛྙཱ་ན་ཤྲཱི། ཤུ་གཉན་སྟོང་ལེགས། ཟངས་དཀར་ལོ་ཙཱ་བ། གཉལ་ཉི་མ་ཤེས་རབ། སྣུར་ཆེན་པོ་ཉི་མ་འོད་ཟེར། སྣུར་རྡོ་རྗེ་སེང་གེ་སྣུར་བྱང་ཆུབ་འོད། སྣུར་ཉི་མ་རྒྱལ་མཚན། སྣུར་ཡེ་ཤེས་རྒྱལ་མཚན། རི་ཟངས་རྡོག་པོ་ཡེ་ཤེས་མཛེས། སེང་གེ་བཟང་པོ། རྒྱལ་སྲས་བཟང་པོ། གྲུབ་ཆེན་ནམ་མཁའ་རྒྱལ་མཚན། རྗེ་ཙོང་ཁ་པ། གཉལ་གོང་སྣང་ཆོས་རྗེས་མཛེས་པ་དཔལ་ལྡན་བཟང་པོ། བློ་གྲོས་མཆོག་ལྡན་མཛེས་པ། སེང་གེ་དཔལ་ལྡན་མཛེས་པ། ནམ་མཁའ་མཛེས་པ། ནམ་མཁའ་ཆོས་བཟང་། ནམ་མཁའ་འོད་མཛེས། ལྷུན་གྲུབ་དཔལ་མཛེས། ནམ་མཁའ་མཛེས་པ་དཔལ། བསོད་ནམས་འོད་མཛེས། དོན་ཡོད་མཛེས་པ། ཤེས་རབ་འོད་མཛེས། ཉི་ཟླ་འོད་མཛེས། མགོན་པོ་མཛེས་པའི་རྡོ་རྗེ། མཛེས་པའི་དབང་ཕྱུག་གྲུབ་དབང་འཕགས་པ་བསྟན་དར། བསོད་ནམས་ལུང་རིགས། ཆུ་བར་སྤྲུལ་སྐུ་དགེ་འདུན་བཀྲ་ཤིས། རྗེ་ཀློང་རྡོལ་བླ་མ། རྗེ་དཀོན་མཆོག་འཇིགས་མེད་དབང་པོ། རྗེ་དཀོན་མཆོག་བསྟན་པའི་སྒྲོན་མེ། རྗེ་དཀོན་མཆོག་རྒྱལ་མཚན། བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས། འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་བློ་གཏེར་ལའོ༎ ་༎རྡོ་རྗེའི་རིགས་ཀྱི་བདག་པོ་ཁྲོ་བོ་རྡོ་རྗེ་ས་འོག་གི་རྒྱུད་