[A:38]་
ལ་བརྟེན་ནས་སློབ་དཔོན་འགྲོ་བཟང་སྙིང་པོས་བཀྲལ་བའི་དཔལ་ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཤར་ཆེན་ཡེ་ཤེས་རྒྱལ་མཚན་གྱི་སྒྲུབ་དཀྱིལ། ཤཱཀྱ་དཔལ་གྱི་ལྷན་ཐབས་བཅས་པའི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་ཕྱག་ན་རྡོ་རྗེ། སྤྱོད་མཛད་ཆོས་ཀྱི་རྡོ་རྗེ། དཔལ་ཀུན་ཏུ་བཟང་པོ། སློབ་དཔོན་འགྲོ་བཟང་སྙིང་པོ། ཁ་ཆེ་རིན་ཆེན་རྡོ་རྗེ། བྲམ་ཟེ་སཛྫ་ན། ཇོ་བོ་ཏེ་ཛ་དེ་ཝ། ཟངས་དཀར་ལོ་ཙཱ་བ་འཕགས་པ་ཤེས་རབ། གཡོར་བོ་ཇོ་སྟོན། པུ་ར་བ་བསོད་ནམས་རིན་ཆེན། འཆད་ཕུབ་པདྨ་བཀྲ་ཤིས། ལྷ་རྗེ་ལྟག་པར་ཇོ་བཟང་། བྱམས་པ་ལོ་ཙཱ་བ་དཔལ་ལྡན་ཚུལ་ཁྲིམས་ཤེས་རབ། བླ་ཆེན་བསོད་ནམས་དབང་ཕྱུག་ཁྲོ་ཕུ་བ་རིན་ཆེན་བསོད་ནམས་སེང་གེ་ཡང་རྩེ་བ་རིན་ཆེན་སེང་གེ་བུ་སྟོན་ཐམས་ཅད་མཁྱེན་པ། ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ། ཆོས་རྗེ་ནམ་མཁའ་མཆོག་གྲུབ། ཆོས་རྗེ་རིན་ཆེན་དཔལ་གྲུབ། མཁྱེན་རབ་ཆོས་རྗེ། དེས་སྒོ་ལུང་པ་བཀྲ་ཤིས་དཔལ་འབྱོར་དང་། འབྲོག་ཁང་པ་དོན་གྲུབ་རྒྱལ་མཚན་གཉིས། གཉིས་ཀས་བྱང་གླིང་པ་རིན་ཆེན་བཀྲ་ཤིས་རྒྱལ་མཚན། མཁྱེན་བརྩེའི་དབང་ཕྱུག་དབང་ཕྱུག་རབ་བརྟན། བསོད་ནམས་མཆོག་གྲུབ། བསོད་ནམས་དཔལ་ལྡན། བྱམས་པ་མཁས་བཙུན། གྲགས་ཆེན་འཇམ་དཔལ་རབ་བརྟན། རབ་རྒྱས་སློབ་དཔོན་རིན་ཆེན་དོན་གྲུབ། ལྕེ་བཙུན་བསྟན་འཛིན་ཕྲིན་ལས། རྗེ་རིན་ཆེན་ལྷུན་གྲུབ། རིན་ཆེན་བློ་གསལ་བསྟན་སྐྱོང་། ཀུན་གཟིགས་མཁྱེན་བརྩེའི་དབང་པོ། དེས་བདག་བློ་གཏེར་ལའོ། །ཡང་ན་བློ་གསལ་བསྟན་སྐྱོང་ནས། བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན། རྗེ་ཀུན་དགའ་འཇམ་དབྱངས། དེས་སོ། །ཡང་ན། ཁ་ཆེ་རིན་ཆེན་རྡོ་རྗེ་ནས། ཁ་ཆེ་