R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 41
[A:41] ལྡན་བློ་གྲོས་རྒྱལ་མཚན། དེ་གཉིས་ཀས་བདག་འཇམ་དབྱངས་བློ་གཏེར་དབང་པོ་ལའོ། །ཡང་ན། བུ་སྟོན་ནས། ཁྱུང་པོ་ལྷས་པ་གཞོན་ནུ་བསོད་ནམས། དེས་ཀུན་མཁྱེན་ཤེས་རབ་དཔལ་བཟང་དང་། རྗེ་བླ་བཟང་གྲགས་པ་གཉིས། གཉིས་ཀས་ཤེར་འབྱུང་བློ་གྲོས། འདུལ་འཛིན་དཔལ་ལྡན་བཟང་པོ། འཇམ་དབྱངས་དགེ་འདུན་འཕེལ། རྒྱུད་ཆེན་བཀྲ་ཤིས་འཕགས། རྒྱུད་ཆེན་བསམ་འགྲུབ་རྒྱ་མཚོ། །རྒྱུད་ཆེན་བརྩོན་འགྲུས་འཕགས། རྒྱུད་ཆེན་རྡོ་རྗེ་བཟང་པོ། རྒྱུད་ཆེན་སངས་རྒྱས་རྒྱ་མཚོ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན། རྗེ་དགེ་འདུན་དོན་གྲུབ། སྐྱི་ཤོད་ངག་དབང་བསྟན་འཛིན་ཕྲིན་ལས། ངག་དབང་བློ་བཟང་མཁས་བཙུན། ངག་དབང་ཆོས་ཀྱི་གྲགས་པ། ཆོས་རྗེ་ཡོན་ཏན་དར་རྒྱས། བཀུར་བ་བློ་བཟང་ཚུལ་ཁྲིམས། ཞབས་དྲུང་བློ་བཟང་རྒྱལ་མཚན། ལྕང་སྐྱ་རོལ་པའི་རྡོ་རྗེ། རྒྱལ་སྲས་སྐལ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ། ཡོངས་འཛིན་བློ་བཟང་བསྟན་འཛིན། ཤར་རྩེ་བློ་བཟང་ཡོན་ཏན། ཞྭ་ལུ་བློ་གསལ་བསྟན་སྐྱོང་མན་འདྲའོ༎ ་༎དེ་བཞིན་གཤེགས་པའི་རིགས་ཀྱི་བདག་པོར་གཏོགས་པ་འཇམ་དཔལ་དཔའ་བོ་གཅིག་གྲུབ་ཀྱི་རྒྱུད་ལ་བརྟེན་ནས་སློབ་དཔོན་ཤྲཱ་དྡྷཱ་ཀ་ར་ཝརྨས་བཀྲལ་བའི་འཇམ་དབྱངས་ཨ་ར་པ་ཙ་ན་ལྷ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་ངག་དབང་ལེགས་གྲུབ་ཀྱི་ཡིག་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་། རྗེ་བཙུན་འཇམ་དཔལ་དབྱངས། ་་་་ཕྱག་རྡོར་ཞེས་པའང་འདུག་རྒྱལ་པོ་རབ་གསལ་ཟླ་བ། སློབ་དཔོན་རབ་འབྱོར་བསྐྱངས། གྲུབ་ཆེན་ཀུན་དགའ་སྙིང་པོ། སློབ་དཔོན་ཤེས་རབ་བསྐྱངས། ཞི་བའི་སྙིང་པོ། དགེ་མཚན་བཤེས་