R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 40
[A:40] བཞི་ཅུ་རྩ་གཅིག་གམ་བཞི་ཅུ་རྩ་དགུ། དེའི་ཕྱི་རོལ་དམ་པ་སྦྱིན་པའི་དཀྱིལ་འཁོར་ལྷ་སུམ་ཅུ་རྩ་བདུན་གྱི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བ་ཀུན་མཁྱེན་བུ་སྟོན་གྱི་དཀྱིལ་ཆོག་ཡེ་ཤེས་རྒྱལ་མཚན་གྱི་ལྷན་ཐབས། བློ་གསལ་བསྟན་སྐྱོང་གི་དབང་ཆོག་བཅས་པའི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། སྟོན་པ་ཐུབ་དབང་རྡོ་རྗེ་འཆང་། རྗེ་བཙུན་འཇམ་དཔལ་དབྱངས། །ཛཻ་ཏཱ་རི་དགྲ་ལས་རྣམ་རྒྱལ། རྡོ་རྗེ་གདན་པ་ཆེ་བ་མྱ་ངན་མེད་པའི་དཔལ། འབྲིང་པོ་རོལ་བའི་རྡོ་རྗེ། ཆུང་བ་དོན་ཡོད་རྡོ་རྗེ། བ་རི་ལོ་ཙཱ་བ་རིན་ཆེན་གྲགས། །མཆིམས་བརྩོན་འགྲུས་སེང་གེ། མཆིམས་དོན་ཡོད་རྒྱལ་བ། མཆིམས་ཆོས་ཀྱི་སེང་གེ་མཆིམས་བློ་གྲོས་བརྟན་པ། མཆིམས་ནམ་མཁའ་གྲགས། སློབ་དཔོན་དར་མ་རྒྱལ་མཚན། བྱང་ཆེན་པ་བསོད་ནམས་འཕེལ། ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ་གྲོས། བླ་མ་དཔལ་ལྡན་སེང་གེ་བུ་སྟོན་ཐམས་ཅད་མཁྱེན་པ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། མཁན་ཆེན་གྲགས་པ་གཞོན་ནུ། འཇམ་དབྱངས་གྲགས་པ་རྒྱལ་མཚན། དབུར་སྟོད་པ་གུ་ཎ་ཤྲཱི། རོང་པོ་བློ་བཟང་གྲགས་པ། རྗེ་མཁྱེན་རབ་ཆོས་རྗེ། སློབ་དཔོན་སངྒ་ཤྲཱི། ཆོས་རྗེ་ཚུལ་ཁྲིམས་འོད་ཟེར། དགོན་སྟོད་པ་བསོད་ནམས་དཔལ་འབྱོར། བྱང་གླིང་བ་བཀྲ་ཤིས་རྒྱལ་མཚན། སློབ་དཔོན་རྡོ་རྗེ་བཟང་པོ། །ལྷ་ཐོ་བ་རིན་ཆེན་རྒྱ་མཚོ། །རིན་ཆེན་བསོད་ནམས་མཆོག་གྲུབ། ཆེན་པོ་རིན་ཆེན་བཟང་པོ། མཁན་ཆེན་བྱམས་པ་མཁས་བཙཙུནབཙུན། རིན་ཆེན་འཇམ་དཔལ་དོན་གྲུབ། ཆོས་རྗེ་ཡེ་ཤེས་གྲགས་པ། དཀོན་མཆོག་འཇིགས་མེད་དབང་པོ། འཇམ་དབྱངས་ཐུབ་བསྟན་ཉི་མ། ཟག་སྒོམ་ཞབས་དྲུང་དཀོན་མཆོག་བསྟན་པ་རབ་རྒྱས། ཞྭ་ལུ་བློ་གསལ་བསྟན་སྐྱོང་། གཉིས་ཀས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། མཁན་ཆེན་དཔལ་