[A:44]
རྣམ་པར་སྣང་མཛད། རྡོ་རྗེ་སེམས་དཔའ། ཕྱག་ན་རྡོ་རྗེ། རྒྱལ་པོ་རབ་གསལ་ཟླ་བ། དེས་སྲས་སྒྲ་གཅན་འཛིན། དཔའ་བོ་ཏ་པ་ལ། ཡེ་ཤེས་རྡོ་རྗེ། པྲ་ཛྙཱ་སིདྡྷི་བཞི། བཞི་ཀས་སློབ་དཔོན་ཀུན་དགའ་སྙིང་པོ། པྲ་ཛྙཱ་པཱ་ལི་ཏ། རབ་འབྱོར་བསྐྱངས། ཤྲདྡྷ་ཀ་ར་ཝ་རྨ། སངས་རྒྱས་ཞི་བ། ལོ་ཆེན་རིན་ཆེན་བཟང་པོ། ལོ་ཆུང་ལེགས་པའི་ཤེས་རབ། དེ་གཉིས་ཀས་རྒྱང་རོ་བ་རྐྱང་པོ་ཆོས་བློ། ལོ་ཆུང་དང་རྐྱང་པོ་གཉིས་ཀས་སུམ་སྟོན་ཡེ་འབར་དང་། ལྕེ་ཞར་བ་གཉིས། གཉིས་ཀས་སྟག་ཚལ་དོང་སྔོན་གྱི་སྦུ་སྟོན་འབར་ཐོབ། དེ་ནས་རོང་སྨད་ལྷ་སྟེང་གི་གཙང་ཡང་དག་རྡོ་རྗེ། གཙང་སྟོན་སྨྲ་སེང་། ལྕེ་སྟོན་མདོ་སྡེ་སེང་གེ་ཀུན་མཁྱེན་ཆོས་སྐུ་འོད་ཟེར། འཕགས་འོད་ཡོན་ཏན་རྒྱ་མཚོ། ཀུན་མཁྱེན་བུ་སྟོན་ཆོས་རྗེ། ཐུགས་སྲས་སེམས་དཔའ་ཆེན་པོ། ལྕེ་བཙུན་ནམ་མཁའ་མཆོག་གྲུབ། ཆོས་རྗེ་རིན་ཆེན་དཔལ་གྲུབ། མཁྱེན་རབ་ཆོས་རྗེ། བྱང་གླིང་པ་རིན་ཆེན་རྒྱལ་པོ། སྐུ་ཞང་བསོད་ནམས་མཆོག་གྲུབ། བྱང་གླིང་འཇམ་དབྱངས་རིན་ཆེན་བཀྲ་ཤིས་རྒྱལ་མཚན། ལྷ་བོ་པ་རིན་ཆེན་རྒྱ་མཚོ། རྗེ་བསོད་ནམས་མཆོག་གྲུབ། བྱང་གླིང་པ་སྨོན་ལམ་ལྷུན་གྲུབ། རིན་ལྡིང་སློབ་དཔོན་རིན་ཆེན་བསྟན་པ་དར་རྒྱས། རྡོར་འཛིན་སྨོན་ལམ་བསམ་གཏན། རིན་ཆེན་བྱམས་པ་ཆོས་འཕེལ། གྲུབ་དབང་རིན་ཆེན་དཔལ་འབྱོར། མཆོག་སྤྲུལ་རིན་ཆེན་བློ་གསལ་བསྟན་སྐྱོང་། ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། རྡོ་རྗེ་འཆང་ངག་དབང་ཡོན་ཏན་རྒྱ་མཚོ། དེས་བདག་བློ་གཏེར་དབང་པོ་ལའོ། །གཉིས་པ་ཟངས་དཀར་ལུགས་སུ་གྲགས་པའི་བརྒྱུད་པ་ནི། རྣམ་སྣང་། ཕྱག་རྡོར། ཨིནྡྲ་བྷཱུ་ཏི་ཆེ་བ། བར་པ། ཆུང་བ། སློབ་དཔོན་ཀླུ་