R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 46
[A:46] བསྐྱངས། པྲ་ཛྙཱ་བོ་དྷི། མུ་ཀྟི་ཀོ་ཥ། དྷརྨ་པཱ་ལ། རིན་ཆེན་བཟང་པོ། གུར་ཤིང་བརྩོན་འགྲུས་རྒྱལ་མཚན། གཉལ་པ་ཉི་མ་ཤེས་རབ། སྣུར་ཉི་མ་འོད་ཟེར། རྩ་སྐྱ་སྟོན་གྲགས། མཉམ་ཁད་པ་རྒྱ་གར་འཕན། རྩ་སྐྱ་ཤཱཀྱ་འབུམ། དབུས་པ་སངས་རྒྱས་འབུམ། ལོ་ཙཱ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེང་གེ། ཀུན་མཁྱེན་བུ་སྟོན་ཆོས་རྗེ་མན་འདྲའོ། །བཞི་པ་ཁ་ཆེའི་ལུགས་སུ་གྲགས་པའི་བརྒྱུད་པ་ནི། པྲ་ཛྙཱ་པཱ་ལི་ཏ་ནས། མུཀྟི་ཀོ་ཥ། ཤྲ་དྡྷཱ་ཀ་ར། ལོ་ཆེན་རིན་བཟང་། རྐྱང་པོ་ཆོས་བློ་མན་སྔ་མ་ལྟར་རོ། །ལྔ་པ་དབུས་འགྱུར་འཆང་གི་ལུགས་སུ་གྲགས་པའི་བརྒྱུད་པ་ནི། མུཀྟི་ཀོ་ཥ་ཡན་གོང་ལྟར་ལ། དེ་ནས་སངས་རྒྱས་ཞི་བ། ལོ་ཆེན། ལོ་ཆུང་། གཉིས་ཀས་རྐྱང་པོ་ཆོས་བློ་མན་སྔ་མ་ལྟར་རོ། །རྡོར་དབྱིངས་འགྲེལ་པ་ལུགས་ཀྱི་དབང་ནི་ཟུར་དུ་མི་དགོས་ཤིང་། འོན་ཀྱང་ཞྭ་ལུ་མཁན་ཆེན་གྱི་གསན་ཡིག་ཏུ་རྡོ་རྗེ་དབྱིངས་དཀྱིལ་ཆོག་ལུགས་ཀྱི་དབང་རྒྱས་འབྲིང་བསྡུས་གསུམ་དང་། འགྲེལ་ལུགས་ཀྱི་དབང་རྒྱས་པ་རྣམས་སོ་སོར་ཐོབ་དགོས་པ་མ་ཡིན་ཏེ། བརྒྱུད་པ་སོ་སོར་མེད་པར་ཕྱིར་ཞེས་གསུངས་པས་འགྲེལ་ལུགས་ཟུང་དུ་མ་བྱུང་ཀྱང་ཆོག་པར་བཞེད་ལ། ཕྱག་ལེན་གྱི་རྒྱུན་མི་ཉམས་པའི་ཕྱིར་རྩ་འགྲེལ་སོ་སོར་མཛད་པ་ཡིན་ནོ་ཞེས་གསན་ཡིག་ཕལ་ཆེར་ལས་མི་འབྱུང་ངོ་༎ ་༎རྩ་རྒྱུད་དེ་ཉིད་བསྡུས་པའི་དུམ་བུ་གཉིས་པ་ཁྲོ་བས་ཁྲོ་བ་སྤང་བའི་ཕྱིར་བསྟན་པ་རྡོ་རྗེའི་རིག་ཁྲོ་བོ་ཁམས་གསུམ་ལས་རྣམ་པར་རྒྱལ་བ་རྩ་བའི་ལྷ་སོ་བདུན། མཆོད་པའི་ལྷ་མོ་སོ་གཉིས། བསྐལ་བཟང་ཁྲོ་བོ་དགུ་བརྒྱ་དང་དགུ་བཅུ་རྩ་དྲུག་ཕྱི་རོལ་རྡོ་རྗེའི་རིགས་ཀྱི་ལྷ་བཞི་བཅུ་དང་༡.༠.༨.༠.༥.༠.བཅས་པའི་དཀྱིལ་འཁོར་དུ་བུ་སྟོན་གྱི་དཀྱིལ་ཆོག་བདུད་ལས་རྣམ་རྒྱལ་དང་། ཤར་ཆེན་གྱི་མངོན་དཀྱིལ་ནག་འགྲོས་མའི་