[A:47]
སྟེང་ནས་སྟ་གོན་འཇུག་པ་སྔོན་དུ་འགྲོ་བའི་དབང་བསྐུར་བ་ཡོངས་སུ་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྣམ་པར་སྣང་མཛད། རྡོ་རྗེ་སེམས་དཔའ། ཕྱག་ན་རྡོ་རྗེ། རྒྱལ་པོ་རབ་གསལ་ཟླ་བ། སྒྲ་གཅན་འཛིན་བཟང་པོ། སློབ་དཔོན་ཀུན་དགའ་སྙིང་པོ། པྲ་ཛྙཱ་པཱ་ལི་ཏ། དྷརྨ་པཱ་ལ། ལོ་ཆེན་རིན་ཆེན་བཟང་པོ། གུང་ཤིང་པ་བརྩོན་འགྲུས་རྒྱལ་མཚན། གཉལ་པ་ཉི་མ་ཤེས་རབ། སྣུར་ཉི་མ་འོད་ཟེར། སྣུར་བཛྲ་སིདྷ། གླན་ཆོས་འབྱུང་། རྩ་སྐྱ་སྟོན་འབྱུང་གནས། རྩ་སྐྱ་ཁྲི་སྟོན། སྣུར་ཡེ་ཤེས་རྒྱལ་མཚན། སྣུར་ཆོས་འཕགས་རྒྱལ་མཚན། རྒྱལ་སྲས་ཐོགས་མེད། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བུ་སྟོན་རིན་ཆེན་གྲུབ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། སྐུ་ཞར་གྲགས་པ་རྒྱལ་མཚན། ཞྭ་ལུ་ཡེ་ཤེས་རྒྱ་མཚོ། གོང་དཀར་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། བློ་གྲོས་ཐོགས་མེད། ནམ་མཁའ་རྣམ་རྒྱལ། དབང་ཕྱུག་རྒྱལ་མཚན། བསོད་ནམས་མཆོག་ལྡན། འབྲས་གླིང་བ་ངག་དབང་ཨོ་རྒྱན། མཁན་ཆེན་ངག་དབང་སྦྱིན་པ། རྗེ་ཆོས་དཔལ་བཟང་པོ། རྡོར་འཛིན་ཀུན་དགའ་དང་རྒྱས། རྗེ་ཕུན་ཚོགས་རྣམ་རྒྱལ། བླ་མ་དགེ་འདུན་ཡར་འཕེལ། གོང་དཀར་མཁན་ཆེན་བསྟན་འཛིན་ཚུལ་ཁྲིམས། ལྷ་བཙུན་དོན་གྲུབ་རྒྱལ་མཚན། སོག་པོ་འཇམ་དབྱངས་ཕྲིན་ལས། ཐར་རྩེ་མཁན་ཆེན་འཇམ་དབྱངས་རིན་ཆེན་རྡོ་རྗེ། དེས་བདག་བློ་གཏེར་ལའོ༎ ་༎གཉིས་པ་བཤད་རྒྱུད་རྡོ་རྗེ་རྩོརྩེ་མོ་ནས་གསུངས་པའི་གསར་པ་མཆོད་ཆེན་རིགས་བསྡུས་པའི་དཀྱིལ་འཁོར་ཆེན་པོར་བུ་སྟོན་གྱི་དཀྱིལ་ཆོག་མཁས་པའི་ཡིད་འཕྲོག་དང་། ཡེ་ཤེས་རྒྱ་མཚོའི་དབང་ཆོག་ལ་བརྟེན་ནས། ཐོག་མར་གཞིའི་དཀྱིལ་འཁོར་ལ་སྒོ་ཉིས་སྒྲགས། དབུས་དཀྱིལ་ལ་