R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 49
[A:49] བཀྲ་ཤིས་རྒྱལ་མཚན། དེས་རིན་ལྡིང་སངས་རྒྱས་ཚེ་དཔལ་དང་། སློབ་དཔོན་ཡེ་ཤེས་དཔལ་འབྱོར་གཉིས། གཉིས་ཀས་ལྷ་ལོ་པ་རིན་ཆེན་རྒྱ་མཚོ། རིན་ཆོན་བསོད་ནམས་མཆོག་གྲུབ། དེས་རས་ལྡིང་བླ་མ་རིན་ཆེན་ཀུན་དགའ་བྱམས་པ། དཀར་པོ་ཆོས་རྗེ་ཀླུ་སྒྲུབ་རྒྱ་མཚོ། གཉིས་ཀས་བྱང་གླིང་པ་ཆོས་རྗེ་སྨོན་ལམ་ལྷུན་གྲུབ། དེ་ནས་རིན་ལྡིང་སློབ་དཔོན་བསྟན་པ་རབ་རྒྱས། བླ་ཆེན་རྡོ་རྗེ་འཛིན་པ་སྨོན་ལམ་བསམ་གཏན། བྱང་གླིང་པ་ཡེ་ཤེས་དཔལ་འབྱོར། ཞྭ་ལུ་བློ་གསལ་བསྟན་སྐྱོང་། རྗེ་བློ་བཟང་མཁྱེན་རབ། མཁན་ཆེན་ཐམས་ཅད་མཁྱེན་པ་འཇམ་དབྱངས་རིན་ཆེན་རྡོ་རྗེ། དེས་བདག་བློ་གཏེར་ལའོ། །ཡང་ན། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། རྡོ་རྗེ་ཆོས། རྟ་མཆོག་བི་ན་ཤྲཱི། ཨིནྡྲ་བྷཱ་ཏི་ཆེ་བ། ཨིནྡྲ་བྷཱུ་ཏི་བར་པ། ཨི་ནྡྲ་བྷ་ཏི་ཆུང་བ། ལྷ་ལྕམ་ལཀྵྨཱི་ཀ་ར། རྒྱལ་བུ་སྒྲ་གཅན་འཛིན་བཟང་པོ། ལེགས་པའི་སྒྲོན་མེ། དཔལ་མགོན་ཀླུ་སྒྲུབ། ཨཱཪྻ་དེ་ཝ། ཀླུའི་བྱང་ཆུབ། ཆོས་ཀྱི་རྡོ་རྗེ། པདྨ་རྡོ་རྗེ། ཡེ་ཤེས་རྡོ་རྗེ། ཀུན་དགའ་སྙིང་པོ། དེ་ལས་གྱེས་པའི་རྒྱ་གར་དབུས་འགྱུར་འཆང་ནས་བརྒྱུད་པ། ཤར་ཕྱོགས་ནས་བརྒྱུད་པ། ལྷོ་ཕྱོགས་ནས་བརྒྱུད་པ་གསུམ་བྱུང་བའི། དང་པོ་ནི་གོང་དུ་བགྲངས་པའི་ཐ་ག་ན་ནས་བརྒྱུད་པ་དེའོ། །གཉིས་པ་ནི། སློབ་དཔོན་ཀུན་དགའ་སྙིང་པོ་ནས། དགེ་སློང་ཨ་མོ་གྷ་པཱ་ཤ། རྣལ་འབྱོར་པ་ཀ་མ་ལ་ཝ་ཏི། ནོར་བུ་གླིང་པ་བདེ་བའི་རྡོ་རྗེ། བྷྲི་ཀ་མ་ལ་ཝ་ཏི། བྲམ་ཟེ་རིན་ཆེན་རྡོ་རྗེ་མན་སྔ་མ་ལྟར་རོ། །གསུམ་པ་ནི། ཀུན་དགའ་སྙིང་པོ་ནས། པྲཛྙཱ་སིདྡྷི། པྲཛྙཱ་པཱ་ལི་ཏ། རབ་འབྱོར་བསྐྱངས། ཤྲདྡྷཱ་ཀ་ར། པདྨཱ་ཀ་ར། ཁ་ཆེ་ཛྙཱ་ན་ཤྲཱི་མན་སྔ་མ་ལྟར་རམ། ཡང་ན། རིན་ལྡིང་སངས་རྒྱས་ཚེ་དཔལ་ནས། མཁན་ཆེན་ནམ་མཁའ་ཆོས་ལྡན།