[A:48]
རྣམ་སྣང་ལྷ་སུམ་ཅུ་རྩ་གསུམ། ཤར་དུ་སངས་རྒྱས་གཟི་བརྗིད་ལྷ་སོ་གསུམ། ལྷོར་སངས་རྒྱས་ཉི་མ་ལྷ་སོ་གསུམ། ནུབ་ཏུ་སངས་རྒྱས་སྣ་ཚོགས་གཟུགས་ཅན་ལྷ་སོ་གསུམ། བྱང་དུ་སངས་རྒྱས་ཆོས་འཛིན་རྒྱལ་པོ་ལྷ་སོ་གསུམ། ཤར་ལྷོར་ཟླ་བའི་དཀྱིལ་འཁོར་ལ་རྡོ་རྗེ་སེམས་དཔའ་ལྷ་ལྔ། ལྷོ་ནུབ་ཏུ་པདྨའི་དཀྱིལ་འཁོར་ལ་པདྨ་སེམས་དཔའ་ལྷ་ལྔ། ནུབ་བྱང་དུ་ནམ་མཁའི་དཀྱིལ་འཁོར་ལ་རིན་ཆེན་སེམས་དཔའ་ལྷ་ལྔ། བྱང་ཤར་དུ་ཨུཏྤ་ལའི་དཀྱིལ་འཁོར་ལ་རྡོ་རྗེ་ལས་ལྷ་ལྔ། གཞི་དཀྱིལ་ནང་མའི་གྲྭ་བཞིར་འབྱུང་བཞིའི་ལྷ་བཞི། གཞི་དཀྱིལ་ཕྱི་མའི་གྲྭ་བཞིར་མཆོད་ལྷ་ཉི་ཤུ། སྒོ་བཞིར་སྒོ་བ་ཉི་ཤུ། འཇིག་རྟེན་པའི་ལྷ་བཞི་བཅུ་ཞེ་དྲུག་བསྐལ་བཟང་དགུ་བརྒྱ་དང་དགུ་བཅུ་གོ་དྲུག་དང་བཅས་༡.༧.༦.༡.པའི་དཀྱིལ་འཁོར་ཆེན་པོར་དཀྱིལ་འཁོར་སོ་སོར་འཇུག་པའི་དབང་བཀའ་བཅུ་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། ཨིནྡྲ་བྷཱུ་ཏི་རྣམ་གསུམ། འཕགས་པ་ཀླུ་སྒྲུབ། གླུའི་བྱང་ཆུབ། ཡེ་ཤེས་རྡོ་རྗེ། གཙུག་གི་ནོར་བུ་ངེས་དོན་རྒྱ་མཚོའི་ཕ་རོལ་སོན་པ་ཀུན་དགའ་སྙིང་པོ། ཐ་ག་ན། ངག་དབང་གྲགས་པ། བྲམ་ཟེ་རིན་ཆེན་རྡོ་རྗེ། ཁ་ཆེ་ཛྙཱ་ན་ཤྲཱི། ཟངས་དཀར་ལོ་ཙཱ་བ་འཕགས་པ་ཤེས་རབ། དེས་ཡེ་ཤེས་འབར། གཉིས་ཀས་གཉན་སྟོན་ཚུལ་ཁྲིམས་འབར། ཐོད་པ་དབེན་ཚ་གྲགས། ཐོད་པ་འོད་ཟེར། རོང་སྨད་རི་ལུང་ཕུག་གི་ཆོས་མགོན་དཔལ་བཟང་། ལྕེ་བློ་ལྡན་སེང་གེ་འཕགས་འོད་ཡོན་ཏན་རྒྱ་མཚོ། བུ་སྟོན་རིན་ཆེན་གྲུབ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། སྐུ་ཞང་ནམ་མཁའ་མཆོག་གྲུབ། ཆོས་རྗེ་རིན་ཆེན་དཔལ་གྲུབ། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། དགེ་སློང་ཆོས་ལེགས་པ། རིན་ལྡིང་སློབ་དཔོན། གནས་བརྟན་བཟང་པོ། བྱང་གླིང་འཇམ་པའི་དབྱངས་རིན་ཆེན་