[A:51]
མཐུན་གྱི་རྒྱུད་ལ་དབང་བཀའ་གསུམ་ཡོད་པའི། དང་པོ་ཤེས་རབ་གཙོ་བོར་སྟོན་པའི་རྒྱུད་ལ་དེ་ཉིད་བསྡུས་པའི་ཆ་མཐུན་གྱི་རྒྱུད་དཔལ་མཆོག་དང་པོ་རྟོགས་པའི་རྒྱལ་པོ་ལ་བརྟེན་ནས་སློབ་དཔོན་ཀུན་དགའ་སྙིང་པོས་བཀྲལ་བའི་དཔལ་མཆོག་རིགས་བསྡུས་པའི་གཞིའི་དཀྱིལ་འཁོར་སྒོ་ཉིས་སྒྲགས་ལ། སྒོ་སྲུང་འཁོར་ལོས་སྒྱུར་བ་བརྒྱད། ༡) ནང་དཀྱིལ་གྱི་དབུས་མར་རྡོ་རྗེ་སེམས་དཔའ་ལྷ་སོ་གསུམ། འཇིག་རྟེན་པ་ཞི་བཞི། ༢) ཤར་དུ་རྡོ་རྗེ་ཧཱུ་མཛད་ལྷ་དགུ། འཇིག་རྟེན་པ་ཞེ་གཉིས། མཚན་མ་བཞི། ༣) ལྷོར་ནམ་མཁའི་སྙིང་པོ་ལྷ་དགུ། མཚན་མ་བརྒྱད། ༤) ནུབ་ཏུ་འཇིག་རྟེན་དབང་ཕྱུག་ལྷ་བཅུ་གསུམ། མཚན་མ་བཞི། ༥) བྱང་དུ་རྡོ་རྗེ་ཁུ་ཚུར་ལྷ་བཅུ་བདུན། མཚན་མ་བཞི། ༦) ཤར་ལྷོར་རྡོ་རྗེ་འཇམ་དཔལ་ལྷ་དགུ། མཚན་མ་བརྒྱད། ༧) ལྷོ་ནུབ་ཏུ་ནམ་མཁའ་མཛོད་ལྷ་བཅུ་གསུམ། མཚན་མ་བཞི། ༨) ནུབ་བྱང་དུ་རྡོ་རྗེ་འཁོར་ལོ་ལྷ་བཅུ་གསུམ། དེའི་གྲྭ་བཞིར་ཞི་བ་མདུང་སོགས་བཞི། ༩) བྱང་ཤར་དུ་རྡོ་རྗེ་གནོད་སྦྱིན་ལྷ་དགུ། མཚན་མ་བཅུ་གཉིས། ༡༠) གཞི་དཀྱིལ་ཕྱི་མའི་གྲྭ་བཞིའི་ཤར་ལྷོར་ཞི་བ་མདུང་གི་དཀྱིལ་འཁོར་དུ་དབང་ཕྱུག་ཆེན་པོ་ལྷ་སུམ་ཅུ། ཡི་གེ་དང་བཅས་པ། ༡༡) ལྷོ་ནུབ་ཏུ་མ་མོའི་དཀྱིལ་འཁོར་ལ་ནག་པོ་ཆེན་པོ་ལྷ་བཅུ་གསུམ། ༡༢) ནུབ་བྱང་དུ་མིང་པོ་གསུམ་གྱི་དཀྱིལ་འཁོར་ལ་རྒྱལ་བར་བྱེད་པ་གཙོ་འཁོར་བཅུ་གཅིག་༡༣) བྱང་ཤར་དུ་སྲིང་མོ་བཞིའི་དཀྱིལ་འཁོར་ལ་སྲིང་མོ་བཞི། མཚན་མ་བཞི་དང་བཅས་པ་སྟེ། ༡༤) ཡོངས་དྲིལ་ལྷ་སུམ་བརྒྱ་དང་སུམ་ཅུ་རྩ་དགུ་མཚན་མ་ཞེ་བརྒྱད་བཅས་པའི་དཀྱིལ་འཁོར་དུ་བུ་སྟོན་གྱི་དཀྱིལ་ཆོག་དོན་ཡོད་པའི་དམ་ཚིག་གི་དཀྱིལ་འཁོར་འབྱུང་བ་ལ། ཡེ་ཤེས་