R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 52
[A:52] རྒྱ་མཚོའི་ངག་འདོན་དང་། དབང་བསྐུར་གྱི་ལྷན་ཐབས་སོགས་སྦྱར་བའི་སྟེང་ནས། ཉིན་དང་པོར་ས་ཆོག་དང་སྟ་གོན་གྱི་ཆོས་སྔོན་དུ་འགྲོ་བས། ཉིན་གཉིས་པར་སྒྲུབ་ཅིང་མཆོད་པ། ཉིན་གསུམ་པར་གཞི་དཀྱིལ་དང་དབུས་དཀྱིལ་ཀྱི་བདག་འཇུག་དང་སློབ་མ་གཞུག་ཅིང་དབང་བསྐུར་བ་མཐའ་བརྟེན་དང་བཅས་པ། ཉིན་བཞི་པར་རྡོ་རྗེ་ཧཱུ་མཛད་སོགས་ཕྱོགས་བཞིའི་དཀྱིལ་འཁོར་བཞི། ཉིན་ལྔ་པར་རྡོ་རྗེ་འཇམ་དཔལ་སོགས་མཚམས་བཞིའི་དཀྱིལ་འཁོར་བཞི། ཉིན་དྲུག་པར་ཞི་མདུང་སོགས་གཞི་དཀྱིལ་གྱི་ཕྱིའི་གྲྭ་བཞིའི་དཀྱིལ་འཁོར་བཞི་སྟེ། འཇིག་རྟེན་ལས་འདས་པ་དང་འཇིག་རྟེན་པའི་དཀྱིལ་འཁོར་བཅུ་བཞིའི་དབང་བསྐུར་བ་མཐའ་བརྟེན་དང་བཅས་པ་བླ་མ་བརྒྱུད་པའི་ཕྱག་གཞེས་ལྟར་ཐོབ་པའི་བརྒྱུད་པ་ལ། ཐོག་མར་ཡོ་ག་སྟོད་ལུགས་ཀྱི་བརྒྱུད་པ་ནི། རྒྱལ་བ་རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། རབ་གསལ་ཟླ་བ། སྒྲ་གཅན་འཛིན། ཀུན་དགའ་སྙིང་པོ། པྲཛྙཱ་བཱ་ལི་ཏ། པྲཛྙཱ་བོ་དྷི། དྷརྨ་པཱ་ལ། འཇིག་རྟེན་མིག་གཅིག་ལོ་ཆེན་རིན་ཆེན་བཟང་པོ། རྒྱ་ཡེ་ཤེས་ཚུལ་ཁྲིམས། གཉལ་པ་ཉི་མ་ཤེས་རབ། སྣུར་ཉི་མ་འོད་ཟེར། རྩ་སྐྱ་དཀོན་མཆོག་གྲགས། མཉམ་ཁད་པ་ཤཱཀྱ་འབུམ། མཉམ་ཁད་པ་རྒྱ་གར་འཕན། བླ་མ་ཆོས་གྲགས་དཔལ། རྩ་སྐྱ་ཁྲི་བརྟན་ཆེན་པོ། སྲས་མཆོག་བསོད་ནམས་དཔལ་བཟང་། གསལ་བ་བློ་གྲོས་དཔལ། གྲགས་ཆེན་དཔལ། འཕགས་འོད་ཡོན་ཏན་རྒྱ་མཚོ། བུ་སྟོན་རིན་ཆེན་གྲུབ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། སྐུ་ཞང་ནམ་མཁའ་མཆོག་གྲུབ། ཆོས་རྗེ་རིན་ཆེན་དཔལ་གྲུབ། རྡོར་འཆང་མཁྱེན་རབ་ཆོས་རྗེ། འགྲོ་མགོན་རྒྱལ་བ་དཔལ་ལྡན། གནས་བརྟན་བསྟན་པ་བཟང་པོ། བྱང་གླིང་བཀྲ་ཤིས་རྒྱལ་མཚན།