[A:68]
བསོད་ནམས་རིན་ཆེན། མི་ཉག་ཐུར་ལྷས་པ་ཚུལ་ཁྲིམས་སྐྱབས། དབུས་༡.མགར་༢.དགེ་༣.གསུམ། གསུམ་གས་རིན་ཆེན་གླིང་པ་ཚུལ་ཁྲིམས་མཛེས་པ། བླ་མ་རྒྱ་འཕོ་བ་ལུང་པ། དགེ་སློང་ཆོས་གྲགས་དཔལ་བཟང་། བླ་མ་ཤཱཀྱ་གཞོན་ནུ། བླ་མ་བློ་ལྡན་པ། འཕགས་འོད་ཡོན་རྒྱམ་མན་འདྲའོ། །བཞི་པ་ཇོ་བོ་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཨིནྡྲ་བྷཱུ་ཏི། སློབ་དཔོན་ནཱ་ག་ཇོ་ཀི། གྲུབ་ཆེན་ས་ར་ཧ་པ། འཕགས་པ་ཀླུ་སྒྲུབ། ཨཱཪྻ་དེ་ཝ། ཤཱཀྱ་བཤེས་གཉེན། ཟླ་བ་གྲགས་པ། ཀུ་སཱ་ལི་ཆེ་ཆུང་གཉིས། ཇོ་བོ་རྗེ། ངོར་པ་མགར་དགེ། ལྷ་རྗེ་སྟོད་པ་ཚུལ་ཁྲིམས་དཔལ། དེ་སྲས་ཆེ་བ་ཤེས་རབ་རྒྱལ་མཚན། ཆུང་བ་ཤེས་རབ་གཙུག་ཏོར། ལྷ་རྗེ་དྷརྨ་ཙཀྲ། ཐང་སྟོད་ཆོས་ཀྱི་འོད་ཟེར། བླ་ཆེན་ཀློག་སྐྱ་གྲགས་པ་བཟང་པོ། བླ་མ་བསོད་ནམས་རྒྱལ་མཚན། ཀུན་དགའ་རྒྱལ་མཚན། དཔལ་ལྡན་གྲགས་པ། འཕགས་འོད་མན་སྔ་མ་དང་འདྲའོ། །
ལྔ་པ་ཆག་ལུགས་ཀྱི་བརྒྱུད་པ་ནི། ཀླུ་སྒྲུབ་ཡན་སྔར་ལྟར་ལ། དེ་ནས་ཨཱཪྻ་དེ་ཝ། ཀླུའི་བྱང་ཆུབ། སློབ་དཔོན་དཔའ་བོ། ཟླ་བ་གྲགས་པ། རོལ་པའི་རྡོ་རྗེ། རྡོ་རྗེ་དྲིལ་བུ་པ། རུས་སྦལ་ཞབས། ཛཱ་ལནྡྷཱ་རི་པའམ་དྲྭ་བ་འཛིན། དཔེ་མེད་དཔལ། གམྦྷི་ར་མ་ཏིའམ་བློ་ཟབ་པ། ནིཥྐ་ལངྐ་དེ་ཝའམ་རྙོག་མེད་ལྷ། ཉི་དབང་སྲུང་། ཆག་ལོ་ཆོས་རྗེ་དཔལ། འུ་ཡུག་ཀུ་ངར་བ་བླ་མ་དཔལ། བླ་མ་གྲགས་ཆེན་པ། འཕགས་འོད་མན་འདྲའོ། །
དྲུག་པ་སློབ་དཔོན་སྒྲ་གཅན་འཛིན་བཤེས་གཉེན་གྱིས་མཛད་པའི་དབང་ཆོག་ཟུང་འཇུག་གསལ་བའི་རྗེས་སུ་འབྲང་བ་ས་ལུགས་ཀྱི་དབང་བཀའ་གསར་མའི་བརྒྱུད་པ་ནི། རྡོར་འཆང་། ཕྱག་རྡོར། ཀླུ་སྒྲུབ། ཨཱཪྻ་དེ་ཝ། ཀླུའི་བྱང་ཆུབ། ཤཱཀྱ་བཤེས་གཉེན། ཟླ་བ་གྲགས་པ། རོལ་པའི་རྡོ་རྗེ། བྷ་བྱ་ཀཱིརྟིའམ་སྐལ་ལྡན་གྲགས་པ།