R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 67
[A:67] ཡེ་ཤེས་སེང་གེ་རྔོག་ཉི་མ་སེང་གེ་གླན་རྩད་ཚ་ཉི་མ་ལྕམ། དེ་གཉིས་ཀས་རྔོག་ཨཱཪྻ་དེ་ཝ། དེ་ནས་ཞར་ཆོས་པ་སྐྱི་མཁར་འཇུག་སྟག་པ་རིན་ཆེན་གྲགས། ཐུར་ལྷས་པ་ཚུལ་ཁྲིམས་སྐྱབས། ཐང་སྤེ་བ་འཕགས་པ་སྐྱབས། གསེར་ལྡིང་པ་གཞོན་ནུ་འོད། ཀུན་མཁྱེན་ཆོས་སྐུ་འོད་ཟེར། འཕགས་འོད་ཡོན་ཏན་རྒྱ་མཚོ། བུ་སྟོན་རིན་ཆེན་གྲུབ། ཁྱུང་ལྷས་པ་གཞོན་ནུ་བསོད་ནམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་ཀུན་བཟང་མན་སྔ་མ་ལྟར་རོ། །གཉིས་པ་མར་ལུགས་གྲུབ་ཐོབ་རྣམས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཨིནྡྲ་བྷཱུ་ཏི། ཌཱ་ཀི་བདེ་བའི་ཞབས། ཌོམྦི་ཧེ་རུ་ཀ་རྡོ་རྗེ་དྲིལ་བུ་པ། ཡན་ལག་མེད་པའི་རྡོ་རྗེ། ཀམྤ་མ་ལ། ནག་པོ་སྤྱོད་པ། ཏེ་ལོ་པ། ནཱ་རོ་པ། མར་ལོ་ཆོས་ཀྱི་བློ་གྲོས། མཚུར་སྟོན་དབང་གི་རྡོ་རྗེ། འཁོན་གད་པ་ཀཱིརྟི། འཁོན་བསོད་ནམས་རིན་ཆེན། ཐུར་ལྷས་པ་ཚུལ་ཁྲིམས་སྐྱབས་མན་སྔ་མ་ལྟར་རོ། །གསུམ་པ་མར་ལུགས་མཁས་པ་པཎྜི་ཏའི་བརྒྱུད་པ་ནི། འཕགས་པ་ཀླུ་སྒྲུབ་ཡན་གོང་ས་ལུགས་ཀྱི་དབང་བཀའ་རྙིང་མའི་བརྒྱུད་པ་ལྟར་ལ། དེ་ནས་སློབ་དཔོན་ཤཱཀྱ་བཤེས་གཉེན། གྲུབ་ཆེན་ཀླུའི་བྱང་ཆུབ། སློབ་དཔོན་འཕགས་པ་ལྷ། མ་ཏཾ་གི་པ་སྟེ་ཐུགས་སྲས་བཞི་དང་། སངས་རྒྱས་བསྐྱངས། ལེགས་ལྡན་འབྱེད། ཟླ་བ་གྲགས་པ། སློབ་དཔོན་དཔའ་བོ་སྟེ་ཉེ་བའི་ཐུགས་སྲས་བཞི། དེ་ནས་ཏཻ་ལོ་པའམ། ཡང་ན། ཀླུ་སྒྲུབ། མ་ཏཾ་གི་པ། ཏེ་ལོ་པ། ནཱ་རོ་པ། མར་པ་ལོ་ཙཱ་བའམ། ཡང་ན། མ་ཏཾ་གི་པ་ནས། ཟླ་གྲགས། རིག་པའི་ཁུ་བྱུག་ཨ་ཝ་དྷཱུ་ཏི་པ། སྤྱོད་པའི་རྡོ་རྗེ། ནག་པོའི་ཞབས། དྲི་མེད་བློ་གྲོས། དཔལ་ཡེ་ཤེས་སྙིང་པོ། མར་པ་ལོ་ཙཱ་བ། མཚུར་དབང་གི་རྡོ་རྗེ། འཁོན་གད་པ་ཀཱིརྟི། འཁོན་