[A:70]
ཡང་སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱིས་བཀྲལ་བའི་གསང་བ་འདུས་པ་མི་བསྐྱོད་པ་མར་ལུགས་ལྷ་སོ་གཉིས་ཀྱི་དཀྱིལ་འཁོར་དུ་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་ཡིག་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། ཨིནྡྲ་བྷཱུ་ཏི། ཀླུ་ལས་གྱུར་པའི་རྣལ་འབྱོར་མ། བི་སུ་ཀལྤ། ས་ར་ཧ་པ། ཀླུ་སྒྲུབ། ཨཱཪྻ་དེ་ཝ། ཤཱཀྱ་མི་ཏྲ། ནཱ་ག་བོ་དྷི། མ་ཏཾ་གི་པ། ཟླ་བ་གྲགས་པ། སློབ་པའི་རྡོ་རྗེ། ནག་པོ་དམ་ཚིག་རྡོ་རྗེ། དྲི་མེད་བློ་གྲོས། ཡེ་ཤེས་སྙིང་པོའམ། ཡང་ན། ཟླ་གྲགས་ནས། རིག་པའི་ཁུ་བྱུག་ཨ་ཝ་དྷཱུ་ཏི་པ། སྤྱོད་པའི་རྡོ་རྗེ། ནག་པོ་སྤྱོད་པ། དྲི་མེད་བློ་གྲོས། ཡེ་ཤེས་སྙིང་པོ། གང་ལྟར་ཡང་དེ་ནས་མར་ལོ་ཆོས་ཀྱི་བློ་གྲོས། མཚུར་སྟོན་དབང་གི་རྡོ་རྗེ། འཁོན་སྟོན་གད་པ་ཀཱིརྟི། བླ་མ་བསོད་ནམས་རིན་ཆེན། མི་ཉག་ཐུར་ལྷས་པ་ཚུལ་ཁྲིམས་སྐྱབས། དབུས་མགར་དགེ་གསུམ། བཞི་གས་གངས་བར་གསེར་ཁའི་རིན་ཆེན་གླིང་པ་ཚུལ་ཁྲིམས་མཛེས་པ། རྒྱ་ཕོ་བ་ལུང་པ། གཉོས་ཨ་སེང་། ཡེ་ཤེས་དཔལ། ཀརྨ་པ་རང་བྱུང་རྡོ་རྗེ། རྟོགས་ལྡན་མགོན་པོ་རྒྱལ་མཚན། ཆོས་རྗེ་རོལ་པའི་རྡོ་རྗེ། རིན་ཆེན་རྒྱལ་པོ། མཁན་ཆེན་མགོ་བློན་པ་བློ་གྲོས་རྒྱལ་མཚན། མཚུར་ཕུ་འཇམ་དབྱངས་ཆེན་པོ་དོན་གྲུབ་འོད་ཟེར། སློབ་དཔོན་བླ་མ་རྒྱལ་མཚན། སྤྱན་སྔ་ཆོས་ཀྱི་གྲགས་པ། རབ་འབྱམས་པ་ཚུལ་ཁྲིམས་དབང་ཕྱུག་དཔའ་བོ་གཙུག་ལག་ཕྲེང་བ། དཀོན་མཆོག་འབངས། དབང་ཕྱུག་རྡོ་རྗེ། ཆོས་ཀྱི་དབང་ཕྱུག་འབྲི་གུང་ཆོས་གྲགས། དཀོན་མཆོག་ལྷུན་གྲུབ། དཀོན་མཆོག་ཕྲིན་ལས་བཟང་པོ། དོན་གྲུབ་ཆོས་རྒྱལ། ལྷོ་སྤྲུལ་དཀོན་མཆོག་ཆོས་ཀྱི་རྒྱ་མཚོ། བྲབ་ཤི་ཀརྨ་རྣམ་རོལ། ཚེ་དབང་ཀུན་ཁྱབ། ཀརྨ་རཏྣ། འོད་གསལ་འགྱུར་མེད། རྗེ་ངག་དབང་ཡོན་ཏན་རྒྱ་མཚོ། དེས་བདག་བློ་